དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་གི་གནའ་གཞུང་རིག་པའི་ཚོགས་ཆེན་སྐབས་གཉིས་པ་ཀེ་རི་སེའི་ཨ་ཐེན་སི་རུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-13

    ཟླ་6ཚེས་9ཉིན། དུས་ཡུན་ཉིན་གཉིས་ཀྱི་འཛམ་གླིང་གི་གནའ་གཞུང་རིག་པའི་ཚོགས་ཆེན་སྐབས་གཉིས་པ་ཀེ་རི་སེའི་ཨ་ཐེན་སི་རུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“གནའ་དེང་གླེང་མོལ། གནའ་གཞུང་བློ་གྲོས་ཀྱི་དེང་རབས་ཀྱི་བློ་སྒོ་འབྱེད་པ”ཞེས་པ་དེ་རེད། ཀྲུང་གོ་དང་ཀེ་རི་སེ་ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་གནའ་གཞུང་རིག་པ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་ཀེ་རི་སེར་བཅའ་སྡོད་འབྲེལ་ཡོད་རྒྱལ་ཁབ་ཀྱི་གཞུང་ཚབ་དང་སྨྱན་སྦྱོར་མི་སྣ་སོགས་མི་200ལྷག་ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས། 2024ལོའི་ཟླ་11པར་འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན་སྐབས་དང་པོ་ཀྲུང་གོའི་པེ་ཅིང་དུ་བདེ་བླག་ངང་འཚོགས་ཚུན། ཀྲུང་གོ་དང་ཀེ་རི་སེ་ཕྱོགས་གཉིས་ཀྱིས་ཕྱར་བ་གྲུ་འདེགས་བྱས་ནས་ཚོགས་ཆེན་སྐབས་དང་པོའི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་གནའ་གཞུང་རིག་པའི་སྤེལ་རེས་གླེང་མོལ་གྱི་དྲ་རྒྱ་བཙུགས་ཡོད། དེའི་ནང་ཀྲུང་གོའི་གནའ་གཞུང་གི་ཤེས་དཔལ་ཞིབ་འཇུག་ཁང་ཚུད་པའི་རིག་གཞུང་སྒྲིག་གཞི་ཁག་གིས་ཁྱད་ནུས་བཏོན་ཏེ་གནའ་གཞུང་རིག་པའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ཤེས་དཔལ་ཕན་ཚུན་སློབ་སྦྱོང་དང་མིག་ལྟོས་བྱེད་པ་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བརྗོད་པ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས། གནའ་གཞུང་ཤེས་དཔལ་ལ་མི་ཆོས་རིག་གནས་ཀྱི་ནང་དོན་ཟབ་མོ་དང་བློ་གྲོས་ཀྱི་སྟོབས་ཤུགས་ཁྱད་པར་ལྡན་ཞིང་། ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་རྒྱུད་སྤེལ་འཕེལ་རྒྱས་ལ་བསམ་བློའི་འཚོ་བཅུད་སྦྱིན་ནས་རྒྱལ་ཁབ་ཁག་གི་དར་རྒྱས་ཡར་ཐོན་ལ་བསམ་བློའི་སྒུལ་ཤུགས་བསྣན་ཡོད། གནའ་གཞུང་རིག་པའི་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ་དང་ཡུལ་དུས་བརྒལ་བའི་ཤེས་དཔལ་གླེང་མོལ་བྱེད་པ་ནི་ཤེས་དཔལ་གྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ་དང་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡིན་ལ། དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པ་དང་ཤེས་དཔལ་རྒྱུན་འཛིན་གསར་འབྱེད་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་ཐབས་ལམ་ཡང་ཡིན། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དམིགས་ནས་གནའ་གཞུང་བློ་གྲོས་ལ་བརྟེན་ཏེ་སྤྱི་དམངས་ཀྱི་བསམ་བློ་ཀུན་སྤྱོད་ལེགས་སྐྱོང་དང་རྒྱལ་ཁབ་དར་རྒྱས་ཡར་ཐོན་ལ་དམིགས་ནས་ཞི་བདེ་དར་རྒྱས་ལ་མཉམ་དུ་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།