ཀྲུང་ཨའི་མཛའ་གྲོགས་གྲོང་ཁྱེར་གྱི་ཚོགས་ཆེན་སྐབས་བརྒྱད་པ་ཅིའུ་ཅིན་ཧྲན་དུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅིའུ་ཅིན་ཧྲན་ནས་གློག་འཕྲིན་འབྱོར་གསལ། “ལག་གདང་སྦྲེལ་ནས་ཀྲུང་ཨའི་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་ཀྲུང་ཨའི་མཛའ་གྲོགས་གྲོང་ཁྱེར་གྱི་ཚོགས་ཆེན་སྐབས་བརྒྱད་པ་ཚེས་5ཉིན་ཨ་རིའི་ཅིའུ་ཅིན་ཧྲན་དུ་འཚོགས་པ་རེད།
ཀྲུང་གོ་ཕྱོགས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)15དང་། གྲོང་ཁྱེར་12ཀྱི་འཐུས་མི་150ལྷག་ཙམ་དང་ཨ་རི་ཕྱོགས་ཀྱི་ཀྲོའུ་21དང་གྲོང་ཁྱེར་36གི་འཐུས་མི་160མཉམ་དུ་འཛོམས་ནས་ལྗང་མདོག་འཕེལ་རྒྱས་དང་གྲོང་ཁྱེར་བཅོས་སྐྱོང་དང་། རིག་གནས་དང་ཡུལ་སྐོར། སློབ་གསོ་དང་གཞོན་ནུ་བཅས་གྲོས་གཞི་ཆེན་པོ་གསུམ་ལ་དམིགས་ཏེ་སྤེལ་རེས་གཏིང་ཟབ་དང་སློབ་སྦྱོང་དང་མིག་ལྟོས་བྱེད་རེས་བྱས་པ་རེད། ཀྲུང་གོ་དང་ཨ་རིའི་འབྲེལ་ཡོད་གྲོང་ཁྱེར་གྱིས་མཉམ་ལས་གྲོས་མཐུན་5ལ་མིང་རྟགས་བཀོད་དེ་མཉམ་ལས་རྣམ་གྲངས་31གི་གྲུབ་འབྲས་འགྲེམས་སྟོན་བྱས་པའི་ནང་མཛའ་གྲོགས་གྲོང་ཁྱེར་ཆ་སྒྲིག་དང་། རིག་གནས་དང་ཡུལ་སྐོར་སྤེལ་རེས། གཞོན་ནུ་ལོ་ཆུང་གི་སྤེལ་རེས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད།
འབྲེལ་ཡོད་གསར་འགྱུར།