2026ལོའི་ཀྲུང་ཧྥེའི་ཞིང་ལས་ཚན་རྩལ་ཐོན་ལས་མཉམ་ལས་གླེང་སྟེགས་དང་འགྲེམས་ཚོགས་ཁེན་ནི་ཡར་འགོ་ཚུཌ་པ།
2026ལོའི་ཀྲུང་ཧྥེའི་ཞིང་ལས་ཚན་རྩལ་ཐོན་ལས་མཉམ་ལས་གླེང་སྟེགས་དང་འགྲེམས་ཚོགས་ཚེས་9ཉིན་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་འགོ་ཚུགས་པ་རེད། ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀུའོ་ཧའེ་ཡན་གྱིས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཤིས་ཚིག་བསྒྲོན་པ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲིད་གཞུང་སྡེ་ཚན་དང་། རྒྱལ་སྤྱིའི་རྩ་འཛུགས། ཚན་ཞིབ་སྒྲིག་གཞི། མཐོ་སློབ། ཚོང་ལས་མཐུན་ཚོགས་བཅས་དང་དེ་བཞིན་ཁེ་ལས་ཀྱི་འཐུས་མི་100ལྷག་ཙམ་གྱིས་ཀྲུང་ཧྥེའི་ཞིང་ལས་དེང་རབས་ཅན་གྱི་མཉམ་ལས་ཀྱི་ཐབས་ལམ་གསར་པར་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།