དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོན་གྲངས་ཁྱབ་བསྒྲགས་བྱས་པ།

    ན་ནིང་རྒྱལ་ཡོངས་ཀྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་11ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-13

    གསར་འགོད་པར་གོང་ཚེས་ཉིན་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་རྒྱ་མཚོའི་ཆ་འཕྲིན་ལྟེ་གནས་ཀྱིས་སྒྲིག་བཟོ་བྱས་པའི《2026ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོན་གྲངས》ནང་2025ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོན་གྲངས་128.8ཟིན་པ་དེ་ལོ་གོང་མ་ལས་2.2%འཕར་ནས་རྒྱ་མཚོའི་དཔལ་འབྱོར་གསར་ཞིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་མངོན་ཡོད།

    ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོན་གྲངས་ནི་དུས་སྐབས་ངེས་ཅན་ཞིག་རིང་རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་ཚད་འབེབས་ཀྱི་ཚོད་སྐོར་བྱས་པ་ཞིག་ཡིན་ཞིང་། དེའི་ནང་འཕེལ་རྒྱས་ཀྱི་གཞི་ཁྱོན་དང་ཕན་འབྲས་དང་། གྲུབ་ཆ་ལེགས་གཏོང་དང་རིམ་སྤོར། ཐོན་ཁུངས་གྲོན་ཆུང་དང་བེད་སྤྱོད། ཕྱི་ཕྱོགས་དཔལ་འབྱོར་དང་ཚོང་དོན། དམངས་འཚོ་འགན་ལེན་དང་ལེགས་གཏོང་སོགས་ཁྱབ་ཁོངས་གཙོ་བོ་ཚུད་ཡོད་པ་དང་སྟོན་གྲངས་དེ་2015ལོ་རྩིས་གཞིའི་ལོ་དུས་སུ་བྱེད་པ་དང་རྩིས་གཞིའི་ལོ་དུས་ཀྱི་སྟོན་གྲངས་100ཡིན་པ་རེད།

    སྟོན་གྲངས་ལས་མངོན་པར། རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་གཞི་ཁྱོན་སྐས་རིམ་གསར་པར་སླེབས་ནས་2025ལོར་རྒྱལ་ཡོངས་ཀྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་11ཟིན་པ་དེ་ལོ་གོང་མ་ལས་5.5%འཕར་ཡོད། གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་པའི་རྒྱ་མཚོའི་ལས་རིགས་ཁྲོད་ཀྱི་རྒྱ་མཚོའི་དཔལ་འབྱོར་བྱེད་སྒོའི་རྩིས་གཞིའི་གྲངས་འབོར་ལོ་གོང་མ་ལས་6.2%འཕར་བ་དང་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རྒྱ་མཚོའི་ཐོན་ལས་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས་2025ལོར་རྒྱ་མཚོའི་གསར་དར་ཐོན་ལས་ཀྱི་འཕར་ཐང་ལོ་གོང་མ་ལས་7.3%འཕར་བ་དེས་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། རྒྱ་མཚོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་བྱེད་ནུས་རྒྱུན་མཐུད་ཆེ་རུ་ཕྱིན་ནས་2025ལོར་རྒྱལ་ཡོངས་སུ་རྒྱ་མཚོ་དང་གླིང་ཕྲན་སྤྱོད་ཆོག་པར་ཞིབ་མཆན་བཀོད་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་37.2མང་དུ་ཕྱིན་པ་དང་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་9218ལས་བརྒལ་ཏེ་ཉ་ལས་དང་། སྣུམ་རླངས། རླུང་གློག་སོགས་ཁྱབ་ཁོངས་རྣམ་གྲངས་ཀྱི་རྒྱ་མཚོ་དང་གླིང་ཕྲན་སྤྱོད་པའི་དགོས་མཁོ་འགན་ལེན་ནུས་ལྡན་ཐུབ་ཡོད། རྒྱ་མཚོའི་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་གནོན་ཤུགས་ཐེག་ཚད་བརྟན་པོའི་ངང་འཕར་བ་དང་། 2025ལོར་དངོས་ཟོག་ཉོ་ཚོང་དང་མཚོ་ཐོག་སྐྱེལ་འདྲེན་གྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་ལོ་གོང་མ་ལས་1.7%འཕར་བ་དེས་ཕྱིར་གཏོང་ནང་འདྲེན་དངུལ་འབོར་གྱི་61.5%བཟུང་ཡོད། མཚོ་རྒྱུད་གྲུ་ཁའི་ཕྱི་ཕྱོགས་ཉོ་ཚོང་གི་དངོས་ཟོག་འདོན་འཇུག་བྱེད་ཚད་ལོ་གོང་མ་ལས་4.7%འཕར་ཡོད། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་2025ལོར་མཚོ་རྒྱུད་ཀྱི་ཆུའི་སྤུས་ཚད་ལེགས་པའི(རིགས་དང་པོ་དང་གཉིས་པ)བསྡུར་ཚད་84.9%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.2མཐོ་རུ་ཕྱིན་ཡོད། རྒྱ་མཚོའི་ཡུལ་སྐོར་ཁྲོམ་རའི་ཚ་རླབས་འཕྱུར་ནས་མཚོ་གླིང་ཡུལ་སྐོར་དང་། ཡུལ་སྐོར་མཚོ་གྲུ་སྡོད་པ། མཚོ་ཐོག་ལུས་རྩལ་སོགས་ཀྱི་ལས་རྣམ་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།