རང་རྒྱལ་གྱི་ཐེབས་རྩའི་ལས་རིགས་ཀྱི་ཞབས་ཞུའི་མ་འཇོག་མཁན་དུང་ཕྱུར་8.6ལྷག་ཙམ་ཟིན་པ།
གསར་འགོད་པར་ཀྲུང་གོ་འཛིན་ལོར་མ་འཇོག་ཐེབས་རྩ་ལས་རིགས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ཐེབས་རྩའི་ལས་རིགས་ཀྱི་རྒྱུ་ནོར་དོ་དམ་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་85ལྷག་ཙམ་ཟིན་ནས་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་པ་དང་ལས་རིགས་ཞབས་ཞུའི་མ་འཇོག་མཁན་དུང་ཕྱུར་8.6ལྷག་ཙམ་ཟིན་ཡོད་པ་རེད།
སྤྱི་སློང་ཐེབས་རྩ་དང་སྒེར་སློང་ཐེབས་རྩ་ནི་མ་རྩའི་ཁྲོམ་རའི་ཆེད་ལས་ལས་ཁུངས་ཀྱི་མ་འཇོག་མཁན་གཙོ་བོ་ཡིན་ཞིང་། འདས་ཟིན་པའི་ལོ་5ཡི་རིང་། སྒེར་སློང་རྐང་དབང་གསར་སྐྲུན་མ་འཇོག་ཐེབས་རྩས་ཁྲོམ་རར་བཏོན་མེད་པ་དང་སྒོ་བྱང་བཀལ་མེད་པའི་ཁེ་ལས་ལ་གསར་གཏོད་མ་དངུལ་སྒོར་དུང་ཕྱུར་ཁྲི་5.25བཏང་བ་དེ་དུས་མཚུངས་ཀྱི་མངའ་ཁོངས་ཁེ་ལས་ཀྱི་མ་རྐང་མཉམ་འདྲེས་གཞི་ཁྱོན་གྱི་90%དང་མཚུངས་ཡོད། སྤྱི་སློང་ཐེབས་རྩས་སྔོན་ཐོན་བཟོ་སྐྲུན་དང་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ལ་མ་འཇོག་བྱས་ནས་རྐང་འཛིན་སྒོར་དུང་ཕྱུར་ཁྲི་6ལྷག་ཙམ་ཟིན་ནས་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་མགྱོགས་མྱུར་གསར་གཏོད་ཁྱབ་ཁོངས་སུ་གཅིག་སྡུད་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།