བཟོ་འཕྲིན་པུས་APPཡི་ཆ་འཕྲིན་སྐར་ཁུང་ཚད་ལྡན་དུ་གཏོང་བར་མཛུབ་ཁྲིད་བྱས་པ།
ཉིན་ཤས་གོང་། བཟོ་འཕྲིན་པུའི་ཆ་འཕྲིན་འཕྲིན་གཏོང་དོ་དམ་ཅུས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་དྲ་སྦྲེལ་ལས་སྟེགས་དང་རིག་ནུས་མཐའ་སྣེའི་ཁེ་ལས་ཁག་གཅིག་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ། APPཡི་ཆ་འཕྲིན་སྐར་ཁུང་ལ་དོ་དམ་ཚད་ལྡན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཚུལ་ལྡན་མིན་པའི་ཆ་འཕྲིན་སྐར་ཁུང་མ་ཐོན་གཏན་འགོག་བྱས་པ་རེད།
“6·18”འཆར་ཉེའི་མཚམས་སུ། དྲ་ཐོག་ཚོང་དོན་གྱི་བྲིན་ཐབས་བྱེད་སྒོ་སྣ་ཚོགས་རྒྱུན་ཆད་མེད་པར་མང་དུ་འགྲོ་བ་དང་བསྟུན་ནས། APPམཉེན་ཆས་ཁག་གཅིག་ཁ་ཕྱེ་སྐབས་གསལ་བའི་ཆ་འཕྲིན་སྐར་ཁུང་ཁྲོད་སྒྲིག་འགལ་གྱི་བྱེད་ཐབས་སྤྱད་ནས་དེའི་ནང་འཛུལ་བར་མགོ་སྐོར་བསླུ་བྲིད་བྱེད་ཀྱི་ཡོད།
ཚོགས་འདུའི་ཐོག་འབྲེལ་ཡོད་ཁེ་ལས་ཁག་གིས་འཕྲལ་མར་རང་བཤེར་དག་ཐེར་བྱས་ཏེ། དྲ་ཐོག་ཏུ་སྤྱད་ཟིན་པའམ་ཡང་ན་སྤྱོད་ཉེར་ཡོད་པའི་ཆ་འཕྲིན་གྱི་སྐར་ཁུང་སྣ་ཚོགས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱེད་དགོས་པ་དང་། དྲ་ཐོག་སྐོར་ཞིབ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྒྲིག་འགལ་ཆ་འཕྲིན་གྱི་སྐར་ཁུང་རྣམ་པ་དུས་ཐོག་ཏུ་མེད་པར་བཟོ་དགོས་པ། སྒྲིག་སྲོལ་དང་མཐུན་པའི་ས་མཚམས་ནན་སྲུང་མཐའ་འཁྱོངས་བྱེད་པ་དང་། ནང་ཁུལ་གྱི་ཞིབ་བཤེར་གཏན་འབེབས་དང་སྒྲིག་སྲོལ་དང་མཐུན་པའི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུ་ཚད་ལྡན་དུ་གཏོང་བ། སྤྱོད་མཁན་གྱི་ཉམས་ལེན་ལེགས་སུ་གཏོང་བ་བཅས་བྱས་ཏེ། སྒྲིག་འགལ་གྱི་བྱེད་སྤྱོད་མ་ཐོན་གཏན་འགོག་ནུས་ལྡན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།