དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་སུ་དབྱར་གྲོ་བཅུ་ཆ་བདུན་ཙམ་བསྡུས་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-13

    འདི་ནི་ཟླ་6ཚེས་9ཉིན། ཅང་སུའུ་ཞིང་ཆེན་ཤིང་ཧྭ་གྲོང་ཁྱེར་ལིང་ཁྲེང་ཁྲོམ་གཞུང་ཀྲའོ་ཧོ་གྲོང་ཚོའི་ཞིང་པས་བརྔ་བསྡུའི་འཕྲུལ་འཁོར་བཏང་ནས་གྲོ་རྔ་བཞིན་པ།

    ཟླ་6ཚེས་9ཉིན་གྱི་ཆུ་ཚོད་17བར། རྒྱལ་ཡོངས་སུ་དབྱར་གྲོ་མུའུ་དུང་ཕྱུར་2.33བསྡུས་པ་དང་བསྡུ་ཚད་68.54%ཟིན་ཡོད། ཉིན་དེ་རང་ལ་དབྱར་གྲོ་མུའུ་ཁྲི་1337བསྡུས་པ་དང་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་18.38(ན་ནིང་དུས་མཚུངས་ཀྱི་ཉིན་དེར་དབྱར་གྲོ་མུའུ་ཁྲི་1572བསྡུས་པ་དང་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་20.05སྤྱད་པ)སྤྱད་ཡོད། ས་གནས་ཁག་ནས་བལྟས་ཚེ། ཨན་ཧུའེ་རུ་གྲོ་བསྡུས་ཟིན་པ་དང་། ཧོ་ནན་དུ་སྤྱིར་ན་བསྡུས་ཟིན་པ། ཅང་སུའུ་རུ་བསྡུ་ཚད་བཅུ་ཆ་བརྒྱད་ལྷག་ཙམ་ཟིན་པ། ཧྲན་ཏུང་དུ་བསྡུ་ཚད་བཅུ་ཆ་བཞི་དང་ཕྱེད་ཀ་ལྷག་ཙམ་ཟིན་པ། ཧྲའན་ཤིས་སུ་བསྡུ་ཚད་བཅུ་ཆ་གསུམ་ལྷག་ཙམ་ཟིན་པ། ཧོ་པེར་བསྡུ་ཚད་བཅུ་ཆ་གཉིས་ཙམ་ཟིན་པ། ཧྲན་ཤིས་སུ་བསྡུ་ཚད་བཅུ་ཆ་གཅིག་དང་ཕྱེད་ཀ་ལྷག་ཙམ་ཟིན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།