དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱིས་ལས་སྟེགས་ཁེ་ལས་ཀྱི་ལས་མི་གླ་སྐུལ་གྱི་སྙན་ཞུའི་ལམ་ལུགས་ལག་བསྟར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-13

    ཉེ་ཆར། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་སོགས་སྡེ་ཚན་དྲུག་གིས《ལྗོངས་ཡོངས་ཀྱི་དྲ་སྦྲེལ་ལས་སྟེགས་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་སུ་ལས་མི་གླ་སྐུལ་གྱི་སྙན་ཞུའི་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ལས་ཞུགས་ཚོགས་སྤྱི་གསར་པའི་ཁེ་དབང་འགན་སྲུང་ལ་སྐུལ་འདེད་བཏང་ཡོད་པ་རེད།

    བོད་ལྗོངས་སུ་དྲ་འབོད་གླ་འཁོར་དང་། མངགས་ཉོ་སྡེབ་སྐྱེལ། གྲོང་ཁོངས་ཟོག་སྐྱེལ། མྱུར་སྐྱེལ་ཟོག་འགྲུལ་སོགས་དྲ་སྦྲེལ་ལས་སྟེགས་ཀྱི་ལས་སྒོ་གཉེར་བའི་ཁེ་ལས་དང་དེ་བཞིན་དེའི་མནའ་ཞུགས་ཚོང་པ་དང་། འགན་གཙང་ཞབས་ཞུའི་ཚོང་པ། ངལ་ལས་མངགས་གཏོང་ཀུང་སི་བཅས་ཚང་མས་གཏན་འབེབས་གཞིར་བཟུང་ལས་མི་གླ་སྐུལ་གྱི་ཆ་འཕྲིན་འབུལ་སྐྱེལ་བྱེད་དགོས་ཀྱི་ཡོད། གཏན་འབེབས་དེའི་ནང་འབུལ་སྐྱེལ་བྱེད་མཁན་དང་། འགན་འཁྲི། སྙན་ཞུའི་ནང་དོན། ཚད་གཞི། འབུལ་སྐྱེལ་བྱེད་པའི་གོ་རིམ། དུས་ཚོད་སོགས་ཁ་གསལ་བཟོས་པ་མ་ཟད། ལས་ཞུགས་ཚོགས་སྤྱི་གསར་པས་ཡོངས་ཁྱབ་དོ་ཁུར་བྱེད་པའི་ངལ་རྩོལ་ཐོབ་ཆ་དང་། སྤྱི་ཚོགས་འགན་བཅོལ། ངལ་གསོ་འཁོར་ཞག་སོགས་ཕྱོགས་11ཐད་ཀྱི་གཞི་རྩའི་ཁེ་དབང་འགན་སྲུང་དོན་འཁྱོལ་གྱི་གནས་ཚུལ་སྙན་ཞུའི་ནང་དོན་ཁོངས་སུ་བཅུག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།