《ཞི་ཅིན་ཕིང་གི་ཕྱི་འབྲེལ་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང་གཉིས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཕྱི་འབྲེལ་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང་གཉིས་པ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཀྲུང་གོ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་གཏིང་ཟབ་བྱེད་པ་དང་། ཕྱི་འབྲེལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་གལ་ཆེན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་སྙིང་སྟོབས་མཚོན་པ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པ། མིའི་རིགས་འཕེལ་རྒྱས་དང་ཡར་ཐོན་གྱི་རླབས་རྒྱུན་ལ་ཁྲིད་སྟོན་བྱེད་པ་བཅས་ཀྱི་འདུ་ཤེས་གསར་པ་དང་གྲོས་འགོ་གསར་པ་རབ་དང་རིམ་པ་འདོན་པ། རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་ལ་འགོ་ཁྲིད་བྱས་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་གྲུབ་ཡོད། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་དགོངས་པ་ཕྱི་འབྲེལ་ཁྱབ་ཁོངས་སུ་གཅིག་སྡུད་དུ་མཚོན་པ་ཞིག་བཅས་ཡིན་པས། ཀྲུང་གོའི་ཕྱི་འབྲེལ་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བསམ་བློ་གཏོང་ཕྱོགས་གསར་པ་བཏོད་པ་མ་ཟད། མར་ཁེ་སི་རིང་ལུགས་རྒྱལ་སྤྱིའི་འབྲེལ་བའི་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་སུའང་བཏང་ནས་དུས་རབས་གསར་པར་རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་ལ་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།
《ཞི་ཅིན་ཕིང་གི་ཕྱི་འབྲེལ་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང་གཉིས་པའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་2013ལོའི་ཟླ་དང་པོ་ནས་2025ལོའི་ཟླ་11པའི་བར་གནང་བའི་ཕྱི་ཕྱོགས་ལས་དོན་སྐོར་གྱི་གལ་འགངས་ཆེ་ཤོས་དང་ཆེས་གཞི་རྩའི་གསུང་རྩོམ་འཁོད་ཡོད། དེ་དག་དུས་ཚོད་ཀྱི་གོ་རིམ་གཞིར་བཟུང་རྩོམ་སྒྲིག་བྱས་པ་དང་སྙན་སྒྲོན་དང་། གསུང་བཤད། གཏམ་བཤད། ཤིས་ཚིག་སོགས་ཁྱོན་རྩོམ་ཡིག་134ཡོད། དེབ་དང་པོའི་ནང་2013ལོའི་ཟླ་དང་པོ་ནས་2018ལོའི་ཟླ་6པའི་བར་གྱི་གསུང་རྩོམ་63འཁོད་ཡོད་པ་དང་། དེབ་གཉིས་པའི་ནང་2018ལོའི་ཟླ་6པ་ནས་2025ལོའི་ཟླ་11པའི་བར་གྱི་གསུང་རྩོམ་71འཁོད་ཡོད་པ་རེད།
《ཞི་ཅིན་ཕིང་གི་ཕྱི་འབྲེལ་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང་གཉིས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་ཁུངས་བཙན་པའི་སློབ་དེབ་ཅིག་མཁོ་འདོན་བྱས་ཤིང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ། བརྟན་ཐོག་ཡར་འཕེལ་དང་གཞུང་འཁྱོངས་གསར་འབྱེད་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། རང་རྒྱལ་དང་འཛམ་གླིང་གི་འབྲེལ་བའི་རྣམ་པ་གསར་པ་གཏོད་པ། རང་རྒྱལ་གྱི་རྒྱལ་སྤྱིའི་ཐོག་བག་ཆགས་འཇོག་ཤུགས་དང་། བློ་སེམས་འགུག་ཤུགས། སྣང་བརྙན་སྐྲུན་ཤུགས་བཅས་ཀྱི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་དེ་བས་དགེ་མཚན་ལྡན་པའི་རྒྱལ་སྤྱིའི་ཁོར་ཡུག་གཏོད་པ་དང་དེ་བས་སྲ་བརྟན་གྱི་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།