མཚོ་སྔོན་པོའི་སྐྱེ་ཁམས་རིག་གནས་དྲིལ་བསྒྲགས་དུས་ཚིགས་འགོ་ཚུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། “མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ལེའུ་གསར་རྩོམ། གཡུ་མདོག་མཚོ་རླབས་ཁྲོད་ནས་རྣམ་པ་གསར་པ་མངོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དུས་ཡུན་ཟླ་བ་གསུམ་གྱི་མཚོ་སྔོན་པོའི་སྐྱེ་ཁམས་རིག་གནས་དྲིལ་བསྒྲགས་དུས་ཚིགས་མཚོ་སྔོན་པོའི་ལྷ་མོ་གཞོངས་མཛེས་ལྗོངས་ཁུལ་དུ་འགོ་ཚུགས་པ་རེད།
སྐྱེ་ཁམས་རིག་གནས་དྲིལ་བསྒྲགས་དུས་ཚིགས་ཀྱི་བྱེད་སྒོ་དེ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་དང་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། དེར་སྐྱེ་ཁམས་འགྲེམས་སྟོན་དང་རིག་གནས་མ་ལག་སྔོག་འདོན་གཉིས་མཉམ་འདྲེས་བྱས་ཤིང་། ཁྱོན་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་དང་། མཚོ་སྔོན་པོའི་སྐྱེ་ཁམས་པར་ལེན་འགྲེམས་སྟོན། ས་གནས་ས་ཐོག་ཏུ་སྐྱེ་ཁམས་རིག་གནས་འདྲི་རྟོག་དང་དེ་བཞིན་སློབ་གྲྭར་སྤེལ་བའི་བྱེད་སྒོ། མཚོ་སྔོན་པོའི་དཔེ་ཚོགས་དང་དེ་བཞིན་རང་བྱུང་སློབ་གསོའི་ཞིབ་སློབ་་ལག་དེབ་རབ་དང་རིམ་པ་ཁྱབ་བསྒྲགས་སོགས་ནང་དོན་ཁག་ཆེ་གྲས་བདུན་བཀོད་སྒྲིག་གིས་མཚོ་སྔོན་པོའི་སྐྱེ་ཁམས་རིག་གནས་ཀྱི་རིམ་སྤེལ་ཐོན་རྫས་གཅིག་སྡུད་ཐོག་བཏོན་པ་དང་། སྤྱི་དམངས་ལ“མཛེས་ལྗོངས་ལ་ལྟ་བ”ནས“རིག་གནས་ཉམས་ལེན་དང་སྐྱེ་ཁམས་རྟོགས་པའི”བར་འགྱུར་ལྡོག་འགྲོ་རྒྱུར་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་བས་མང་བ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་ཁྲོད་ཞུགས་ནས་མཉམ་སྐྲུན་མཉམ་བཅོས་དང་མཉམ་སྤྱོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད། སྐྱེ་ཁམས་རིག་གནས་དྲིལ་བསྒྲགས་དུས་ཚིགས་གོ་སྐབས་སུ་བྱས་ཏེ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་མཚོ་སྔོན་པོའི་སྐྱེ་ཁམས་རིག་གནས་ཐོན་ཁུངས་རྒྱུན་མཐུད་སྔོན་འདོན་གཏིང་ཟབ་བྱས་ནས་རང་བྱུང་རིག་གནས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་རིག་གནས་ཀྱི་སྤུས་རྟགས་རྒྱུན་མཐུད་སྐྱེད་སྲིང་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།