དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས“སློབ་གྲྭའི་བཟའ་བཅའི”མངོན་གསལ་དོད་པའི་གནད་དོན་ལ་རྒྱུན་མཐུད་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-12

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། དཔྱིད་དུས་སློབ་འགོ་ཚུགས་པ་ནས་བཟུང་མཚོ་སྔོན་གྱིས“སློབ་གྲྭའི་བཟའ་བཅའི”མངོན་གསལ་དོད་པའི་གནད་དོན་ལ་རྒྱུན་མཐུད་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ནས། སློབ་གྲྭའི་བཟའ་བཅའི་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་པའི་སྔོན་འགྲོའི་ཆ་རྐྱེན་འོག་སློབ་མའི་འཚོ་བཅུད་བདེ་ཐང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་རྒྱག་པ། ཁྱིམ་ཚང་དང་། སློབ་གྲྭ། སྡེ་ཁུལ་བཅས་ཀྱིས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་བཏང་ཡོད།

    ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སློབ་གྲྭ་ཁག་གིས་ཕྱོགས་ཡོངས་ནས་སློབ་གྲྭའི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། སློབ་དུས་རེར་ཟ་ཁང་དུ་ས་གནས་ས་ཐོག་གི་གཞུང་ལས་ཚོགས་འདུ་ཐེངས་རེ་འཚོག་པ་དང་། སློབ་འགོ་ཚུགས་པའི་ཁ་ལག་ཐོག་མ་དེ་མཉམ་དུ་བཟའ་བ། བཟའ་བཅའི་བདེ་འཇགས་ཀྱི་བློ་མོས་ཆེ་ཆུང་ཐེངས་རེ་ལྟ་བ་བཅས་ཀྱི་ལས་ཀའི་བླང་བྱ་ལག་བསྟར་ཏན་ཏིག་བྱས་ཏེ“ལྔ་ཞུགས”ལམ་ལུགས་དང་དེ་བཞིན་སློབ་མའི་བཟའ་བཅའི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་ལག་བསྟར་ནན་པོ་བྱས་ཡོད།

    རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས《སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་དོ་དམ་གཏན་འབེབས》དོན་འཁྱོལ་ནན་ཏན་བྱས་ཏེ། ཞིབ་ཕྲའི་ལྷུ་ཚིགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས“འཁོར་འབྲེལ་ཧྲིལ་པོའི”འགན་འཁྲིའི་མ་ལག་དང“ཁྱོན་ཡོངས་ལ་ཁྱབ་པའི”ལྟ་སྐུལ་གྱི་རྣམ་པ་ཞིག་བཏོད་དེ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་འགན་ལེན་བྱས་པ་རེད། འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱེད་པའི་སློབ་གྲྭའི་གསར་སྣོན་ཟ་ཁང་སྐྲུན་རིམ་མགྱོགས་སུ་བཏང་སྟེ་ལས་གྲྭའི་སྤུས་ཚད་ཚད་གཞི་དང་མཐུན་པ་དང་། ནུས་པ་བཀོད་སྒྲིག་ཚན་རིག་དང་མཐུན་པ། སྒྲིག་བཀོད་སྒྲིག་ཆས་ཆ་ཚང་བ་བཅས་འགན་ལེན་བྱས་པ་མ་ཟད། 2026ལོའི་སྟོན་དུས་སློབ་འགོ་ཚུགས་པའི་ཉིན་དང་པོར་དུས་བཀག་ལྟར་ཁ་ལག་མཁོ་འདོན་བྱ་རྒྱུ་རེད།

    སློབ་གྲྭའི་ཕོན་ཆེན་བཟའ་བཅའི་རྒྱུ་ཆ་གཅིག་གྱུར་གྱིས་འོས་སྐུལ་ཉོ་སྒྲུབ་བྱེད་པའི་དོ་དམ་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱེད་རིང་རྫོང་རིམ་པས་གཅིག་གྱུར་གྱིས་འོས་སྐུལ་ཉོ་སྒྲུབ་བླང་བྱ་ལག་བསྟར་ནན་པོ་བྱས་ཤིང་། འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པའི་སློབ་གྲྭས་ངེས་པར་དུ་སློབ་གྲྭ་ཉོ་སྒྲུབ་སྡེ་ཚན་དུ་བྱས་ནས་གཅིག་གྱུར་གྱིས་འོས་སྐུལ་ཉོ་སྒྲུབ་བྱེད་ཀྱི་ཡོད། ཕོན་ཆེན་བཟའ་བཅའ་མཁོ་འདོན་བྱེད་པའི་ཁེ་ལས་ཀྱིས་གདེང་འཇོག་དང་ཕྱིར་འཐེན་ལམ་སྲོལ་འཛུགས་པ་དང་། སློབ་གྲྭས་བཟའ་བཅའ་དང་མ་བཅོས་རྒྱུ་ཆ་འཐེན་བཤེར་ལམ་ལུགས་ལག་བསྟར་ནན་པོ་བྱེད་ཀྱི་ཡོད། དུས་མཚུངས་རྒྱུན་རྣམ་ཅན་གྱིས་བཟའ་བཅའི་བདེ་འཇགས་ལ་ལྟ་ཞིབ་བྱས་པ་མ་ཟད། བཟའ་བཅའི་གྲོན་དངུལ་དོ་དམ་ཚད་ལྡན་མིན་པ་དང་། ཟས་རིགས་དང་རྒྱུ་ཆའི་ཡོངས་ཁུངས་གསལ་པོ་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ“ཐར་པར་གཏན་ནས་མི་གཏོང་བ་དང་ལྷོད་གཡེང་གཏན་ནས་མི་གཏོང་བར”ཐག་གཅོད་ནན་པོ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།