དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་འོས་སྦྱོར་འདུ་ཚོགས་དང“ཁྲོམ་ར་ཆེན་པོ་མཉམ་སྤྱོད། ཀྲུང་གོར་ཕྱིར་གཏོང”ཞེས་པའི་ཧ་སག་སི་ཐན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཨ་སི་ཐ་ན་རུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-12

    ཟླ་6ཚེས་8ཉིན། ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་འོས་སྦྱོར་འདུ་ཚོགས་དང“ཁྲོམ་ར་ཆེན་པོ་མཉམ་སྤྱོད། ཀྲུང་གོར་ཕྱིར་གཏོང”ཞེས་པའི་ཧ་སག་སི་ཐན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཨ་སི་ཐ་ན་རུ་བདེ་བླག་ངང་གཉེར་ཞིང་། ཧ་སག་སི་ཐན་ཚོང་དོན་དང་གཞི་གཅིག་ཅན་པུའི་པུའུ་ཀྲང་གཞོན་པ་ཁུའུ་ཧྲུའུ་ཁོའོ་ཝ·ཀྲ་ནེར་དང་ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧན་ཁྲུན་ལིན་སོགས་འོས་སྦྱོར་འདུ་ཚོགས་ལ་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།

    ཁུའུ་ཧྲུའུ་ཁོའོ་ཝ་ཡིས། ཧ་སག་སི་ཐན་གྱིས་ཀྲུང་གོར་ཕྱིར་གཏོང་དང་མཉམ་ལས་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོའི་ཁྲོམ་རར་ཡིད་དབང་འགུག་ཤུགས་ཆེན་པོ་ཡོད། ནང་འདྲེན་འགྲེམས་ཚོགས་ནི་ཁྲོམ་ར་དེའི་ནང་ཞུགས་པའི་ལས་སྟེགས་གལ་ཆེན་དང་ཐོབ་དཀའ་བའི་གོ་སྐབས་ཤིག་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཁེ་ལས་དང་སྒྲིག་གཞི་མུ་མཐུད་སྒྲིག་འཛུགས་ཧུར་ཐག་བྱས་ནས་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པར་ཞུགས་ཏེ། ནང་འདྲེན་འགྲེམས་ཚོགས་ཀྱི་ལས་སྟེགས་ལ་བརྟེན་ནས་ཧ་སག་སི་ཐན་གྱི་ཁྱད་ལྡན་རིག་གནས་དང་། ལེགས་ལྡན་ཐོན་ལས། སྤུས་ལེགས་ཚོང་ཟོག་བཅས་འགྲེམས་སྟོན་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཧན་ཁྲུན་ལིན་གྱིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་ཆུ་ཚད་མཐོ་བའི་སྒོ་ནས་རྒྱུན་མཐུད་བྱེད་པ་དང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། “ཀྲུང་གོར་ཕྱིར་གཏོང”ཞེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ནི་ཀྲུང་གོས་རང་བརྟེན་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་ཕྱིར་གཏོང་ནང་འདྲེན་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་དངོས་སྒྲུབ་ཀྱི་བྱེད་ཐབས་ཤིག་རེད། རྒྱ་ཆེའི་ཧ་སག་སི་ཐན་ཕྱོགས་ཀྱི་སྒྲིག་གཞི་དང་ཁེ་ལས་ཀྱིས་ནང་འདྲེན་འགྲེམས་ཚོགས་ཀྱི་ལས་སྟེགས་དང་ཐོན་ཁུངས་གཅིག་སྡུད་ཀྱི་ལེགས་ཆར་བརྟེན་ནས། ཀྲུང་གོའི་ཁེ་ལས་དང་མཉམ་ལས་ཀྱི་འབྲེལ་བ་དེ་བས་ཟབ་པ་བཙུགས་ཏེ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།