ཟླ་5པར་གྲོང་མིའི་འཛད་སྤྱོད་ཁྲོམ་ར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་བྱུང་བ།
ཚེས་10ཉིན་གསར་འགོད་པར་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་5པར་གྲོང་མིའི་འཛད་སྤྱོད་ཁྲོམ་ར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་བྱུང་ཞིང་། གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས(CPI)ཟླ་གོང་མ་དང་བསྡུར་ན་0.1%ཆག་པ་དེ་དུས་མཚུངས་ལས་1.2%འཕར་བ་དང་། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་འཐེན་འཕྲི་བྱས་པའི་ལྟེ་བའི་CPIདུས་མཚུངས་ལས་1.1%འཕར་བ་དང་། རྒྱལ་ནང་གི་ལས་རིགས་ཁག་གཅིག་གི་དགོས་མཁོ་ཆེ་རུ་ཕྱིན་པ་དང་དེ་བཞིན་རྒྱལ་སྤྱིའི་འབོར་ཆེའི་ཚོང་ཟོག་གི་རིན་གོང་འཕར་ཆག་བྱུང་བ་སོགས་ཀྱི་ཤུགས་རྐྱེན་འོག བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་སྟོན་གྲངས(PPI)ཟླ་གོང་མ་དང་བསྡུར་ན་0.5%འཕར་བ་དེ་དུས་མཚུངས་ལས་3.9%འཕར་ཡོད།
ཟླ་བསྡུར་བྱས་པར་བལྟས་ན། གཙོ་བོ་ནུས་རྒྱུ་དང་ཞབས་ཞུའི་རིན་གོང་འཕར་ཆག་བྱུང་བའི་ཤུགས་རྐྱེན་འོག CPI0.1%ཆག་པ་དང་ཟླ་གོང་མ་0.3%འཕར་ཡོད། རྒྱལ་ནང་གི་རླངས་སྣུམ་གྱི་རིན་གོང་ཟླ་གོང་མ་12.6%འཕར་བ་ནས་0.3%ཆག་པ།ནུས་རྒྱུའི་རིན་གོང་ཟླ་གོང་མར་5.7%འཕར་བ་ནས་0.1%ཆག་རྒྱུར་སྐུལ་ཁྲིད་ཐུབ་ཡོད། “ལྔ་གཅིག”གུང་གསེང་རྗེས་སུ་ཕྱིར་སྐྱོད་མཁན་དུས་ཚིགས་རང་བཞིན་གྱི་སྒོ་ནས་ཉུང་དུ་ཕྱིན་པའི་ཤུགས་རྐྱེན་ཐེབས་ཏེ། ཞབས་ཞུའི་རིན་གོང་ཟླ་གོང་མའི་0.5%འཕར་བ་ནས་0.1%ཆག་ཡོད།
དུས་མཚུངས་དང་བསྡུར་ན། CPI1.2%འཕར་བ་དང་འཕར་ཚད་ཟླ་གོང་མ་དང་གཅིག་མཚུངས་ཡིན་ཞིང་། དེའི་ནང་བཟོ་ལས་འཛད་སྤྱོད་དངོས་རྫས་ཀྱི་རིན་གོང་3.9%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.4མཐོ་རུ་ཕྱིན་ཡོད། བཟོ་ལས་འཛད་སྤྱོད་དངོས་རྫས་ཁྲོད་ནས་ལོ་གོང་མའི་དུས་མཚུངས་དང་བསྡུར་བ་བྱས་པའི་གཞི་གྲངས་ཀྱི་ཤུགས་རྐྱེན་ཕྲན་བུ་ཐེབས་ཏེ། རླངས་སྣུམ་གྱི་རིན་གོང་འཕར་ཚད་23.5%བར་མུ་མཐུད་འཕར་ཡོད། ཞབས་ཞུའི་རིན་གོང་འཕར་ཚད་0.8%ཟིན་པ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཆག་ཡོད། ཕྱིར་སྐྱོད་ཞབས་ཞུའི་རིན་གོང་2.8%འཕར་བ་དང་འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.9ཆག་པ་དང་། ཞབས་ཞུའི་རིན་གོང་གཞན་དག་འཕར་ཚད་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། བཟའ་བཅའི་རིན་གོང་1.7%ཆག་པ་དང་ཆག་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1འཕར་ཡོད།
PPIདུས་མཚུངས་ལས་3.9%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.1འཕར་ཞིང་། མདོག་ལྡན་ལྕགས་རིགས་ཀྱི་གཏེར་ཁ་སྔོག་འདེམས་ལས་རིགས་དང་། མདོག་ལྡན་ལྕགས་རིགས་བཙོ་སྦྱང་། གནོན་བཙིར་ལས་སྣོན་ལས་རིགས། རྡོ་སོལ་སྔོག་འདོན་དང་འཁྲུ་འདེམས་ལས་རིགས་སོགས་ལས་རིགས་ཀྱི་རིན་གོང་འཕར་ཚུལ་མངོན་གསལ་དོད་པོ་ཡོད། ཟླ་བ་གོང་མའི་དུས་མཚུངས་དང་བསྡུར་ན། PPI 0.5%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.2ཆག་ཡོད། ཆག་རྐྱེན་གཙོ་བོའི་གྲས་སུ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་བྱས་པ་ལས་ལས་རིགས་ཁག་གཅིག་གི་རིན་གོང་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། དུས་ཚིགས་རང་བཞིན་གྱི་དགོས་མཁོ་ཆེ་རུ་ཕྱིན་ནས་ལས་རིགས་ཁག་གཅིག་གི་རིན་གོང་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ། རྒྱལ་སྤྱིའི་མ་བཅོས་རྡོ་སྣུམ་རིན་གོང་འཕར་ཆག་བྱུང་ནས་རྒྱལ་ནང་གི་འབྲེལ་ཡོད་ལས་རིགས་ཀྱི་རིན་གོང་འཕར་བ་ནས་ཆག་པའམ་ཡང་ན་འཕར་ཚད་ཆག་པར་ཤུགས་རྐྱེན་ཐེབས་པ་སོགས་ཚུད་ཡོད།
འབྲེལ་ཡོད་གསར་འགྱུར།