དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་དཀར་མཛེས་ཕྱག་ཕྲེང་རྫོང་གིས་ཏང་འཛུགས་སྐྱོང་གིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་པ།

    ས་གནས་དེ་གའི་ཤེས་ལྡན་པ་སྐྱེད་སྲིང་བྱས་ནས་ཁྱད་ལྡན་ཐོན་ལས་ལ་མཐུན་རྐྱེན་སྦྱར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-12

    “རིགས་གཅིག་མཁས་ཅན་གྱིས་དམར་ཁྲིད་བྱས་པས་འདེབས་འཛུགས་ཀྱི་གདེང་ཚོད་དེ་བས་ཆེ་རུ་ཕྱིན་པ་དང་ལོ་ལེགས་ཡོང་བར་དེ་བས་འགན་ལེན་ཐུབ་ཡོད”ཅེས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་ཕྲེང་སྨད་གྲོང་ཚོའི་གྲོང་མི་བློ་བཟང་བཟང་མོའི་ཤིང་འབྲས་འདེབས་འཛུགས་རྟེན་གཞིར་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་ཤིང་འབྲས་ལ་གཡོག་བྱེད་དང་ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་འགྲེལ་བཤད་བརྒྱབ་པ་དང་གྲོང་མི་ཚོ་དེ་གར་ཡོང་ནས་སློབ་སྦྱོར་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཕྱག་ཕྲེང་རྫོང་གིས་ཏང་འཛུགས་སྐྱོང་གིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་ལ་གཞི་ཚུགས་ཏེ་ཞིང་ཁ་དང་། རྩྭ་ཐང་། དྲ་ཐོག་བཅས“སློབ་ཁང་གསུམ”གསར་གཏོད་བྱས་ཡོད། ཕྱག་ཕྲེང་རྫོང་གིས“ཞིང་ཁ་སློབ་ཁང་དུ་བྱེད་པ་དང་། ཞིང་ལས་སློབ་གཞིར་བྱེད་པ། འཇོན་ཐང་ཅན་དགེ་རྒན་དུ་བྱེད་པ”བཅས་མཐའ་འཁྱོངས་ཀྱིས་ས་གནས་དེ་གའི་ཤེས་ལྡན་པའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་པ་མ་ཟད། ལག་རྩལ་ཤེས་པ་དང་། གཉེར་སྐྱོང་བྱེད་མཁས་པ། ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ཀྱི་འདེབས་གསོའི་དུད་ཆེན་དང་། ཕྱུག་འགྱུར་སྣེ་ཁྲིད་པ། གྲོང་གསེབ་ཀྱི“ཉམས་མྱོང་རྒན་པོ”བཅས་བདམས་ནས་སློབ་ཁྲིད་དགེ་རྒན་དུ་བྱས་པ་རེད། སྐོར་སྐྱོད་རྣམ་པའི“རྩྭ་ཐང་གི་སློབ་ཁང”བཙུགས་ཏེ་སྒོ་རྩར་སློབ་ཁྲིད་བྱེད་པ་དང་། དུད་ཚང་དུ་ལག་རྩལ་ཁྱབ་གདལ་གཏོང་བ། ཁྲིམས་ལུགས་ཁྱབ་གདལ་ཧུར་ཐག་གཏོང་བ་བཅས་ཀྱི་ཞབས་འདེགས་ཞུས་པ་རེད། གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་གྱི་གོ་སྐབས་ལ་བརྟེན་ནས་རྒྱུན་རྣམ་ཅན་གྱི་ཐད་གཏོང་ཟོག་ཚོང་དང་། དྲ་ཐོག་ཚོང་དོན་གཉེར་སྐྱོང་། ཐོན་ཚོང་སྦྲེལ་མཐུད། ཞིང་ལས་རྒྱུ་ཆ་ཚབ་ཉོ་སོགས་ཀྱི་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། “སློབ་ཁང་གསུམ”ཕྱག་ཕྲེང་རྫོང་དུ་ཁྱབ་གདལ་བཏང་བས་ས་གནས་དེ་གའི་ཤེས་ལྡན་པའི་གསོན་ཤུགས་གང་ལེགས་འཕེལ་བ་དང་ཁྱད་ལྡན་ཤིང་འབྲས་ཐོན་ལས་བརྟན་པོའི་ངང་སྟོབས་ཆེར་ཕྱིན་ཡོད།

    “ཕྱག་ཕྲེང་རྫོང་གིས‘སློབ་ཁང་གསུམ’གྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཕ་ཡུལ་གྱི་ཤེས་ལྡན་པ་གསོ་སྐྱོང་གཏིང་ཟབ་བྱེད་པ། ཁྱད་ལྡན་དམངས་ཕྱུག་ཐོན་ལས་སྟོབས་ཆེར་གཏོང་བ། ཤེས་ལྡན་པར་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་བཅས་བྱ་རྒྱུ་ཡིན”ཞེས་ཕྱག་ཕྲེང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།