དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འབྲི་ཆུའི་མ་ལམ་གྱི“སྣོལ་རྣམ་གྲུ་ལམ”ཐོག་མ་ཚོད་ལྟའི་འཁོར་སྐྱོད་བྱས་པ།

    “གཞུང་ལམ་བཞིན་གྱི་གྲུ་ལམ”ཞིབ་ཚགས་དབྱེ་ནས་ཤར་བགྲོད་ཐུབ་ནུས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-12

    ཚེས་5ཉིན། འབྲི་ཆུའི་མཚོ་དོན་ཅུས་དང་འབྲི་ཆུའི་གྲུ་ལམ་ཅུས་ཀྱིས་ཨན་ཧུའེ་ཡི་ཐུའུ་ཆའོ་ཆུ་ལམ་དང་ཏ་ཐུང་ཆུ་ལམ་དུ་འབྲི་ཆུའི་མ་ལམ་གྱི“སྣོལ་རྣམ་གྲུ་ལམ”ཐོག་མ་ཚོད་ལྟ་བྱས་ནས་སྤྱོད་འགོ་ཚུགས་རྒྱུའི་བརྡ་ཁྱབ་སོ་སོར་བཏང་ཞིང་། སྔོན་དཔག་བྱས་ན། ཉིན་རེར་ཆུ་གཏིང་ཐུང་སར་སྐྱོད་པའི་གྲུ་གཟིངས་200ལྷག་ཙམ་ཁག་བགོས་ནས་གཏོང་རྒྱུ་ཡིན་པ་དེས་གྲུ་གཟིངས་ཕན་ཚུན་རྡུང་ཁ་ཤོར་བའི་ཉེན་ཁ་ཆུང་དུ་འགྲོ་བ་དང་། གྲུ་གཟིངས་དབར་འཚང་ཁ་མི་རྒྱག་པ། གྲུ་གཟིངས་ཤར་བགྲོད་ཀྱི་སྒྲིག་ལམ་ལེགས་སུ་ཕྱིན་པ་བཅས་ལས་གྲུ་ལམ་གྱི་ཕྱོགས་བསྡུས་སྐྱེལ་འདྲེན་ནུས་པ་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།

    “སྣོལ་རྣམ་གྲུ་ལམ”བཟོས་པ་ནི་འབྲི་ཆུའི་མ་ལམ་ཐོན་ཁུངས་བེད་ཡག་པོ་སྤྱོད་མི་ཐུབ་པའི་གནད་དོན་ཞི་ལྷོད་དུ་བཏང་སྟེ། ད་ཡོད་གྲུ་ལམ་གྱི་རྨང་གཞིའི་ཐོག་གྲུ་ལམ་གྱི་ཆུའི་གཏིང་ཚད་ལ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་དང་རྟོག་བཟོའི་མཚོ་འགྲུལ་མཚོན་རྟགས་བཟོས་ནས་གྲུ་ལམ་དུ་སྐྱོད་མཁན་གྲུ་གཟིངས་ལ“གཞུང་ལམ་བཞིན་གྱི་གྲུ་ལམ”ཞིབ་ཚགས་དབྱེ་བ་དང་། གྲུ་ལམ་ངོགས་ཀྱི་ཆུའི་གཏིང་ཚད་ཐུང་སར་སྐྱོད་མཁན་གྲུ་གཟིངས་ལ་གྲུ་ལམ་ཕྱོགས་སྟོན་བསྒར་ནས་གྲུ་ལམ་གོང་འོག་གི་གྲུ་གཟིངས་ཚང་མ་གྲུ་ལམ་གྱི་ཕྱི་ནང་གཉིས་སུ་བསྐྱོད་ཐུབ་པ་སོགས་ཀྱི་གྲུ་ལམ་མང་པོ་ཞིག་གྲུབ་ཆེད་ཡིན་ཞིང་། འགྲིམ་འགྲུལ་སྒྲིག་འཛུགས་བྱས་ནས་ཞིབ་ཚགས་པོས་ལག་ལེན་བསྟར་བ་བརྒྱུད་ཆེ་ཆུང་མི་འདྲ་བ་དང་མྱུར་ཚད་མི་གཅིག་པའི་གྲུ་གཟིངས་སོ་སོར་རང་རང་གི་གྲུ་ལམ་ལ་སྐྱོད་དུ་བཅུག་སྟེ། གྲུ་གཟིངས་ཆུང་ངུར་དེ་བས་སྤྱོད་གོ་ཆེ་ཞིང་བདེ་འཇགས་ལྡན་པའི་གྲུ་ལམ་གདམ་རྒྱུ་ཡོད་པར་བྱས་ལ། གྲུ་ལམ་གཙོ་བོར་སྐྱོད་མཁན་གྲུ་གཟིངས་ཆེན་པོར་དེ་བས་གུ་ཡངས་ཤིང་བདེ་འཇགས་ལྡན་པའི་མཚོ་འགྲུལ་ཁོར་ཡུག་ཅིག་བསྐྲུན་པས“ཆུའི་གཏིང་རིང་ཐུང་སོ་སོར་སྤྱོད་པ”དང“ཆེ་ཆུང་དང་དལ་མགྱོགས་མི་འདྲ་བའི་གྲུ་གཟིངས་ཁག་བགོས་ནས་གཏོང་རྒྱུ”མངོན་འགྱུར་ཐུབ་ནས་གྲུ་གཟིངས་ཤར་གཏོང་ཐུབ་ཚད་མཐོ་རུ་སོང་ལ་ཟོག་འགྲུལ་གྱི་མ་གནས་ཀྱང་ཆུང་དུ་སོང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚོད་ལྟའི་འཁོར་སྐྱོད་བྱེད་པའི“སྣོལ་རྣམ་གྲུ་ལམ”གྱི་རིང་ཚད་ལ་སྤྱི་ལེ་27ཡོད་པ་དང་། གྲུ་ལམ་གོང་མའི་ལམ་མདོར་ཞེང་ཚད་སྨི་100ཟིན་པའི་སར་ཆུའི་གཏིང་ཚད་ཐུང་སར་སྐྱོད་མཁན་གྲུ་གཟིངས་ལ་སྟབས་བདེའི་གྲུ་ལམ་བཟོས་ཡོད། ད་ཐེངས་ཚོད་ལྟ་བྱས་པ་དེས་རྗེས་ཀྱི“སྣོལ་རྣམ་གྲུ་ལམ”ཁྱབ་གདལ་བེད་སྤྱོད་གཏོང་རྒྱུར་དཔེ་ལེན་གཞི་དང་ཁྱབ་གདལ་ཆོག་པའི་ཉམས་མྱོང་བཏོན་ནས་འབྲི་ཆུའི་ཆུ་ལམ་ཡག་ཤོས་ལས་ཐོན་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་སྔར་བས་འདོན་སྤེལ་ཐུབ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།