གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དཀར་ཆག(ཁག་དང་པོ)དུས་ཚིགས་བཞི་པར་འདོན་རྒྱུ།
ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་མཁན་ནད་པར་སྔོན་ལ་ལག་ལེན་བསྟར་རྒྱུ་དང་། དེ་ནས་རིམ་བཞིན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ།
ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དཀར་ཆག(ཁག་དང་པོ)བཟོ་བའི་ལས་ཀའི་ཇུས་གཞི》བཀྲམ་པ་དང་འབྲེལ་སྤྱི་ཚོགས་ཀྱི་བསམ་འཆར་ཡང་ཡོངས་བསྒྲགས་ངང་བསྡུ་ལེན་བྱས་པ་རེད།
དཀར་ཆག་བཟོ་བར་མི་དམངས་ཀྱི་བདེ་ཐང་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི“གཞི་རྩ་འགན་ལེན”བྱེད་ནུས་དང་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་བྱེད་རྒྱུ་ཡིན་པ་དང་། ས་གནས་ཁག་གི་ཐེབས་རྩའི་ཐེག་ནུས་དང་། ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་ཡོངས་ནས་བསམ་གཞིག་དང་། སྤྱི་འབོར་བརྟན་པོ་དང་སྦྲེལ་མཐུད་བརྟན་པོ་ཡོང་བའི་རྩ་དོན་ལ་བརྩི་སྲུང་ཞུས་ནས། སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་འགན་སྲུང་ཁྱབ་ཁོངས་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད། མིག་སྔའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཁག་གི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཁྱབ་ཁོངས་ལ་ཁྱད་པར་ངེས་ཅན་ཡོད་པར་གཞིགས་ནས། རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་དཀར་ཆག་དེ་ཞིང་ཆེན་ལས་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་མཁན་ནད་པར་སྔོན་ལ་ལག་ལེན་བསྟར་རྒྱུ་དང་དེ་ནས་རིམ་བཞིན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྨན་བཅོས་འགན་བཅོལ་གྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་དཀར་ཆག་ཏུ་ནད་ཐོག་སྨན་བཅོས་ཐད་གྲོན་དངུལ་བསྡུ་ཆོག་པ་དང་སྲིད་གཞུང་གི་མཛུབ་སྟོན་རིན་གོང་འོག་གི་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་རྨང་གཞིར་བཟུང་ནས། ཁྲག་དང་འབྲེལ་བའི་གྲོན་དངུལ་བསྡུ་བ་སོགས་དམིགས་བསལ་གྱི་རྣམ་གྲངས་ཕུད། དེ་བྱིངས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་བཀྲམ་པའི《རྒྱལ་ཁབ་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་ཀྱི་རྣམ་གྲངས་གཏན་འཁེལ་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》གྱི་ནང་དོན་ལ་གཞིགས་ནས་རིགས་དབྱེ་བ་དང་རྣམ་གྲངས་ཀྱི་ཁྱབ་ཁོངས་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད། མིག་སྔར། རྣམ་གྲངས་གཏན་འཁེལ་གྱི་ཕྱོགས་སྟོན་ཕལ་ཆེ་བ་བཏོན་ཟིན་པར་བལྟོས་ནས། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཞིང་ཆེན་ཁག་གི་རྣམ་གྲངས་གཏན་འཁེལ་ཕྱོགས་སྟོན་དོན་འཁྱོལ་བྱས་ཚུལ་ལ་གཞིགས་ཏེ། ལས་རིམ་ཇི་བཞིན་ཁག་བགོས་ནས་གཏན་འཁེལ་བྱ་རྒྱུ་རེད། ཁག་དང་པོར“ནད་ཐོག་སྨན་བཅོས་ཀྱི་ཚད་འཇལ་རེའུ་མིག་ལ་དཔྱད་དཔོག་དང་། ཀྲུང་ལུགས་གསོ་རིག (མེ་བཙའ། མེ་བུམ། བསྐུ་མཉེ) ཀྲུང་ལུགས་གསོ་རིག་གི་ལུས་ཕྱིའི་སྨན་བཅོས། ཀྲུང་ལུགས་གསོ་རིག་གི་ཁབ་གཙག་གསོ་ཐབས། ཀྲུང་ལུགས་གསོ་རིག་གི་རུས་བཅོས་བྱ་ཐབས། ཀྲུང་ལུགས་གསོ་རིག་གི་དམིགས་བསལ་སྨན་བཅོས། སོ་འཛུགས་པ། སྐྱེ་འཕེལ་ལ་གཞོགས་འདེགས། བུ་བཙའི་ཚན་ཁག འགྱེད་འཕྲོའི་བརྟག་དཔྱད། བདེ་ཐང་སླར་གསོ”བཅས་རྣམ་གྲངས་ཁག11ལ་ཁྱབ་པར་བྱེད་རྩིས་ཡོད་པ་རེད།
ལས་ཀའི་ཇུས་གཞིའི་བཀོད་སྒྲིག་གཞིར་བཟུང་། སྨན་བཅོས་འགན་བཅོལ་གྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཁག་དང་པོའི་དཀར་ཆག་བཟོ་བར“གྲ་སྒྲིག་དང་། དཔྱད་ཞིབ། ཁྱབ་བསྒྲགས”བཅས་དུས་མཚམས་གསུམ་ལ་དབྱེ་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། དེའི་ནང་2026ལོའི་ཟླ་10པ་ནས་ཟླ་11པའི་བར་ནི་ཁྱབ་བསྒྲགས་བྱེད་པའི་དུས་མཚམས་ཡིན་པ་དང་། རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་བསམ་འཆར་དང་ཐེབས་རྩའི་ཚོད་རྩིས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། དཀར་ཆག་ཁག་དང་པོ་བཟོ་རྒྱུ་དང་འབྲེལ་གོ་རིམ་ཇི་བཞིན་པར་འགྲེམས་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།