2026ལོའི“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་སའི”རིག་གནས་དང་ཡུལ་སྐོར་དུས་ཆེན་སྐབས་གཉིས་པས།
དུས་སྟོན་གྱི་གོ་སྐབསབཟང་པོར་བརྟེན་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་པ།

འདི་ནི“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”བརྗོད་དོན་གཙོ་བོར་བྱས་པའི་དུས་གཏན་མེ་འཁོར་གྱི་འགྲུལ་ཚང་ནས་མཁའ་འགྲུལ་ལས་དོན་པས་བྱེད་སྒོའི་བརྗོད་དོན་གཙོ་བོའི་སྦྱར་ཡིག་སྟོན་བཞིན་པ།

འདི་ནི་ཡུལ་སྐོར་བས་ལྷ་ས་གོང་དཀར་གནམ་ཐང་དུ་བཀྲ་ཤིས་ནོར་གཡང་དང་མཉམ་དུ་པར་རྒྱག་བཞིན་པ།

འདི་ནི་ཟླ་5ཚེས་17ཉིན་གྱི་དགོང་མོ་ཀྲུང་གོའི་ཞབས་བྲོའི་ཟློས་གར་ཐོག་མ《བཀྲ་ཤིས་ཞབས་བྲོ》བོད་ལྗོངས་ཟློས་གར་ཁང་ཆེ་མོར་འཁྲབ་སྟོན་ཐོག་མར་བྱེད་བཞིན་པ།

འདི་ནི“5·19”ཀྲུང་གོའི་ཡུལ་སྐོར་ཉིན་མོ་དང་གནམ་མཚོ་དར་ཁ་ཕྱེ་བའི་བྱེད་སྒོའི་ཁྲོད་གླུ་ལེན་གར་འཁྲབ་བྱེད་བཞིན་པ།

འདི་ནི་འཇུན་པ་ཉ་པའི་གྲོང་ཚོར་མང་ཚོགས་ཚོ་གླིང་ཁ་གཏོང་བཞིན་པ།

འདི་ནི་ཡུལ་སྐོར་བས“བརྩེ་བས་ཕྱུག་པའི་སྐྱིད་ཆུ”ཞེས་པའི་གྲོང་མིའི་ཉམས་ལེན་བྱེད་སྒོའི་ཁྱད་ལྡན་ཚོང་ཁྲོམ་ནས་ཚོང་ཟོག་འདེམས་བཞིན་པ།

འདི་ནི“བརྩེ་བས་ཕྱུག་པའི་སྐྱིད་ཆུ”ཞེས་པའི་གྲོང་མིའི་མྱོང་རོལ་བྱེད་སྒོར་ཞུགས་ནས་གྲུ་གཏོང་བཞིན་པ།

འདི་ནི“ལྷ་ལྡན་ཞིང་གི་སྐྱེད་ཚལ། སྐྱིད་སྣང་ལྡན་པའི་ཆུ་ཤུར”ཞེས་པའི་འཇུན་པ་ཉ་པའི་གྲོང་ཚོའི་དམངས་སྲོལ་ཉམས་ལེན་བྱེད་སྒོར་དམངས་སྲོལ་འཁྲབ་སྟོན་བྱེད་བཞིན་པ།
2026ལོའི“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་རིག་གནས་དང་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་ཉིན་ཤས་གོང་དངོས་སུ་འགོ་ཚུགས་ཤིང་། སྐབས་འདིའི་རིག་གནས་དང་ཡུལ་སྐོར་དུས་ཆེན་ནི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། “གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་སའི”བརྗོད་དོན་གཙོ་བོ་རྒྱུན་མཐུད་དེ“དེ་བས་ངོ་མཚར་ལྡན་པ་དང་། དེ་བས་ཁྱད་ཆོས་ལྡན་པ། དེ་བས་ཤུགས་རྐྱེན་ལྡན་པ”བཅས་ཀྱི་འཆར་གཞིར་དམ་པོར་དམིགས་ནས། གླུ་གར་ནས་འགོ་བརྩམས་པ་དང་། རིག་གནས་ཡུལ་སྐོར་མྱོང་རོལ་དུ་བྱེད་པ། ཐོན་ལས་ཀྱིས་མཐུན་རྐྱེན་སྦྱོར་བ་བཅས་ཁག་གསུམ་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་རིག་གནས་འགྲེམས་འཁྲབ་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། ཡུལ་སྐོར་འོས་སྦྱོར། ཐོན་ལས་ཚོང་འགུགས། དམངས་སྲོལ་མྱོང་རོལ། སྐྱེ་ཁམས་ལྟ་སྐོར་སོགས་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་དབྱིངས་ཞུགས་རྣམ་པའི་རིག་གནས་དང་ཡུལ་སྐོར་གྱི་གསོལ་སྟོན་གཟབ་རྒྱས་བཤམས་པས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱུང་ཡོད།
ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས་སྲིད་ཇུས་ཀྱི་ཕན་པ་མུ་མཐུད་བསྐྲུན་པ་དང་མཐུན་རྐྱེན་སྣ་ཚོགས་སྦྱར་ཡོད། 2025ལོའི་ཟླ་6པར་ཁྱབ་བསྒྲགས་བྱས་པའི《ལྷ་ས་གྲོང་ཁྱེར་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྐུལ་སྤེལ་སྲོལ་ཡིག》ནང་ཁྲིམས་སྐྱོང་ལ་བརྟེན་ནས་ཁེ་ལས་འཕེལ་རྒྱས་ལ་སྲུང་སྐྱོབ་བྱས་ཏེ་ཁེ་ལས་བློ་བདེའི་ངང་མ་འཇོག་དང་། བློ་བདེའི་ངང་ལས་གཏོད། འཕེལ་རྒྱས་ཐད་བློ་བབས་ཡིད་མཐུན་བཅས་བྱུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ལྷ་ས་གྲོང་ཁྱེར་གྱིས་རིག་གནས་དང་ཡུལ་སྐོར་གྱི་རྣམ་གྲངས་115ཇུས་འགོད་གྲབས་གསོག་བྱས་པ་དང་། སྔོན་དཔག་བྱས་ན་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་150བྱ་རྒྱུ་ཡིན་པ་དག་རིག་གནས་ཉམས་ལེན་དང་། སྐྱེ་ཁམས་ཡུལ་སྐོར། གྲངས་འཛིན་རིག་གནས་དང་ཡུལ་སྐོར། གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་སོགས་སྣ་མང་ཁྱབ་ཁོངས་ལ་ཁྱབ་པར་བྱས་ནས་འཁོར་འབྲེལ་ཧྲིལ་པོའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་མ་ལག་བསྐྲུན་རྒྱུ་རེད།
དུས་སྟོན་གྱི་གོ་སྐབས་བཟང་པོར་བརྟེན་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་ཡོད། སྐབས་འདིའི་རིག་གནས་དང་ཡུལ་སྐོར་དུས་ཆེན་ནི་རིག་གནས་རྒྱུན་འཛིན་གཞི་རྟེན་དུ་བྱེད་པ་དང་ཡུལ་སྐོར་ཉམས་ལེན་གྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་ལ་དེ་བས་ཐོན་ལས་གཅིག་སྒྲིལ་གྱི་ལས་སྟེགས་ཞིག་ཀྱང་རེད། ད་ཐེངས་ཀྱི་རིག་གནས་དང་ཡུལ་སྐོར་དུས་ཆེན་གོ་སྐབས་སུ་བྱས་ཏེ་ལྷ་སས“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་སའི”རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་རྒྱུན་མཐུད་ངང་བཏོན་ཏེ་རྒྱུན་འཛིན་ཁྲོད་གསར་གཏོད་དང་སྒོ་དབྱེའི་ཁྲོད་འཕེལ་རྒྱས་བཏང་སྟེ་ལོ་ངོ་སྟོང་གི་གནའ་གྲོང་ལ་བཀྲག་མདངས་འཚེར་བ་དང་ངོ་མཚར་ཆེ་བའི་ཉམས་འགྱུར་མཚོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།