དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁུལ་ཆུང་རྙིང་པར་སྒྱུར་བཀོད་བྱས། དམངས་དོན་བསྒྲུབས་ནས་དམངས་འདོད་བསྐངས།

    —— ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གིས་ཁུལ་ཆུང་རྙིང་པའི་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-12

    ཁོད་སྙོམས་ལ་གཙང་སྦྲ་དོད་པའི་དམངས་ཕན་རྐང་ལམ་ཁུལ་ཆུང་ཡོངས་ལ་ཁྱབ་པ་དང་། ས་འོག་མདོང་ལམ་ཆེ་རུ་བཏང་ནས་ཆུ་འགྲོ་འགག་པའི་སེམས་ཁྲལ་བསལ་བ། ཆར་ཆུ་དང་བཙོག་ཆུ་ཁག་བགོས་ཀྱི་སྒྲིག་ཆས་བསྒར་བས་ཆར་ཤོད་སྐབས་ཆུ་འཁྱིལ་བའི་དཀའ་གནད་རྦད་དེ་ཐག་གཅོད་ཐུབ་པ་བཅས་ལས། དེ་སྔོན་གྱི་ཁུལ་ཆུང་རྙིང་པར་ད་ཆ་གང་སར་སྒྲིག་ཆས་གསར་པ་བསྒར་བས་སྐྱིད་ཉམས་དོད་པོ་ཡོད། འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གི་ཁུལ་ཆུང་རྙིང་པར་སྒྱུར་བཀོད་བྱས་པའི་གྲུབ་འབྲས་ཡིན་པ་དང་། གནས་འཕྲོད་ལས་འཚམ་གྱི་བདེ་སྐྱིད་ལྡན་པའི་རྣམ་པ་གསར་པ་གྲོང་མིའི་འཚོ་བར་ཁྱབ་བཞིན་མཆིས།

    2024ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གིས“དམངས་འཚོ་རྩ་བར་འཛིན་པ་དང་། བདེ་འཇགས་རྨང་གཞིར་འཛིན་པ། སྤུས་ཚད་སྔོན་ལ་འཇོག་པ”བཅས་ཀྱི་ལས་ཀའི་རྩ་དོན་ལ་དམ་པོར་དམིགས་ཏེ། ཁུལ་ཆུང་རྙིང་པར་སྒྱུར་བཀོད་བྱ་རྒྱུ་དེ་གྲོང་ཁྱེར་གྱི་སྤུས་ཚད་ལེགས་སུ་གཏོང་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་ཏུ་བརྩིས་ནས་སྤྱི་འདོམས་འཆར་འགོད་དང་། གནད་སྨིན་ཇུས་བསྟར། ཕན་འབྲས་ཆེན་པོས་སྐུལ་འདེད་བཅས་བྱས་ཏེ་དངོས་དངོས་རྗེན་རྗེན་གྱི་སྒྱུར་བཀོད་ལ་བརྟེན་ནས་ཁུལ་ཆུང་རྙིང་པའི་རྣམ་པ་གསར་རྐྱང་དུ་གྱུར་བར་བྱས་ཏེ། གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    མིག་སྔའི་བར། ཀརྨ་དགོན་གསར་ཁྲོམ་གཞུང་དུ་ཁུལ་ཆུང་རྙིང་པ་5ཡི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་ལེགས་གྲུབ་ཟིན་པ་དང་། ཁུལ་ཆུང་གཞན་3གྱི་སྒྱུར་བཀོད་ལས་གྲྭ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད།

    སྒྱུར་བཀོད་ཁྲོད་ཀྱི་ཁུལ་ཆུང་ཁག་གི་དཀའ་གནད་དང་འགག་གནད་ལ་དམིགས་ནས། ཀརྨ་དགོན་གསར་ཁྲོམ་གཞུང་གིས་སྒྱུར་བཀོད་ཀྱི“རང་འགུལ་དབང་ཆ”གྲོང་མིར་སྤྲད་པ་རེད། དུད་ཚང་དུ་བཅར་འདྲི་དང་བཞུགས་མོལ་སྤེལ་རེས་སོགས་བརྒྱུད། གྲོང་མིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་པ་དང་གནད་དོན་དག་ཐེར་གྱི་གསལ་ཐོ་བཟོས་ནས་རེ་རེ་བཞིན་དོན་འཁྱོལ་བྱས་པ་མ་ཟད། ཨར་ལས་ལྟ་སྐུལ་དང་ལས་མཇུག་འགྲིལ་བའི་ཞིབ་བཤེར་རྩིས་ལེན་གྱི་བརྒྱུད་རིམ་ཧྲིལ་པོར་གྲོང་མིའི་འཐུས་མི་གདན་དྲངས་ནས“རེ་ཞུ་འཚོལ་བསྡུ་དང་། གནད་དོན་དག་ཐེར། ལྟ་སྐུལ་ཞིབ་བཤེར་དང་རྩིས་སྤྲོད་རྩིས་ལེན”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་བཅོས་སྒྲིག་བྱེད་སྟངས་ཤིག་ཆགས་པར་བྱས་ཏེ་སྒྱུར་བཀོད་ལས་གྲྭ་དེ་བས་དམངས་འདོད་དང་མཐུན་པ་དང་དམངས་སེམས་དང་མཐུན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།