ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་བཏང་ནས་ལྗང་མདོག་ཁྱིམ་གཞིས་སྲུང་བ།

ཉེ་ཆར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བརྗོད་དོན་གཙོ་བོར་བྱས་པའི“ཁོར་ཡུག་སྲུང་སྐྱོང་ཁྲོམ་གཞུང”གི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་སྤེལ་བ་རེད། འབྲེལ་ཡོད་ཚན་པའི་ལས་དོན་པས་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ལས་སྟེགས་འཛུགས་པ་དང་། དྲིལ་བསྒྲགས་ཀྱི་སྦྱར་ཡིག་འགེལ་བ། ཁོར་ཡུག་སྲུང་སྐྱོང་གི་ལག་དེབ་སྤྲོད་པ་སོགས་བརྒྱུད་དེ་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་ནས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བརྒྱུད་བསྒྲགས་བྱས་པ་རེད། འདི་ནི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།