རང་སྐྱོང་ལྗོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཚད་ལོན་གྱི་གློག་རྡུལ་ཚད་མཐུན་ལག་ཁྱེར་སྤྲོད་པའི་བྱ་རིམ་ཆུང་གྲས་ཚོད་ལྟའི་ངང་སྤྱོད་འགོ་ཚུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཚད་ལོན་གྱི་གློག་རྡུལ་ཚད་མཐུན་ལག་ཁྱེར་སྤྲོད་པའི་བྱ་རིམ་ཆུང་གྲས་དངོས་སུ་བཏོན་ནས་ཚོད་ལྟའི་ངང་སྤྱོད་འགོ་ཚུགས་ཡོད། ལྗོངས་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པོས་ལག་ཐོགས་ཁ་པར་སྤྱད་དེ་གློག་རྡུལ་ཚད་མཐུན་ལག་ཁྱེར་རྟག་ཏུ་སྤྲོད་ཐུབ་ཀྱི་ཡོད། འཛད་སྤྱོད་པས་ཨང་རྟགས་བཤེར་ན་ཐོན་རྫས་ཀྱི་ཐོན་ཡུལ་དང་། ཐོན་སྐྱེད་བྱེད་པོ། སྤུས་ཚད་ཁས་ལེན་སོགས་ཀྱི་ནང་དོན་ལྟ་ཐུབ་པས། ཞིང་ལས་ཐོན་རྫས་ཀྱི་ཞིང་ནང་ནས་གསོལ་ལྕོག་བར་གྱི་བརྒྱུད་རིམ་ཧྲིལ་པོ་ཁུངས་འདེད་དངོས་འབྲེལ་ཐུབ་ཡོད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས》དང་དེ་བཞིན་ཞིང་ལས་དང་གྲོང་གསེབ་པུའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྔོ་ཚལ་དང་། ཤིང་འབྲས། ཇ་ལོ་སོས་པ། སྒོ་ཕྱུགས་དང་ཁྱིམ་བྱ་གསོན་པོ། བྱ་རིགས་དང་སྒོ་ང་། གསོ་ཚགས་བྱས་པའི་ཆུའི་ཐོན་རྫས་སོགས་ཐོན་སྐྱེད་བྱེད་མཁན་དང་། ཁེ་ལས། མཉམ་ལས་ཁང་། ཉོ་སྒྲུབ་བྱེད་པོ་བཅས་ཚང་མས་གཏན་འབེབས་གཞིར་བཟུང་ཁས་ལེན་ཚད་གཞི་ལོན་པའི་ཚད་མཐུན་ལག་ཁྱེར་བླངས་ནས་ཐོན་རྫས་ཀྱི་སྤུས་ཚད་ལ་ཡོངས་བསྒྲགས་ཁས་ལེན་བྱེད་དགོས་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།