“བཀྲ་ཤིས་བདེ་ལེགས”ཞེས་པའི་བོད་ལྗོངས་དྲ་རྒྱའི་བརྙན་པར་དུས་ཆེན་སྐབས་དྲུག་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་པ།
ཚེས་10ཉིན“བཀྲ་ཤིས་བདེ་ལེགས”ཞེས་པའི་བོད་ཀྱི་དྲ་རྒྱའི་བརྙན་པར་དུས་ཆེན་སྐབས་དྲུག་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
ཞུས་ཀྲི་ཝུན་གྱིས་ནན་བཤད་གནང་དོན། ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་དགོས་ཤིང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཁྲིད་སྟོན་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་ཀྲུང་ཧྭའི་རིག་རྒྱུན་འཛིན་སྐྱོང་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་ལ་འཆད་འགྲེལ་དེ་བས་གཏིང་ཟབ་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ་བྱེད་ཤུགས་དང་དེའི་ཤུགས་རྐྱེན་ཐེབས་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཡང་དག་པའི་རིན་ཐང་གི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་རང་འགུལ་ངང་གྲངས་རིག་ཅན་གྱི་དུས་རབས་ཕྱོགས་སུ་བསྐྱོད་པ་དང་། ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་གསར་གཏོད་དང་བེད་སྤྱོད་བྱེད་པ། མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགྱུར་ཡག་པོ་དང་། སྤྱི་དམངས་ཀྱི་རིག་རྩལ་གསར་པ། ལྟ་ཉན་གྱི་སྤུས་ལེགས་བརྩམས་ཆོས་གསར་པ་བཅས་དེ་བས་མང་བ་གཏོད་དགོས། ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། རྒྱལ་སྤྱིའི་ཁྱབ་སྤེལ་གྱི་ཆོས་ཉིད་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། གཙོ་རྒྱུན་སྨྱན་སྦྱོར་གྱི་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་ཁྱབ་སྤེལ་ཐབས་ལམ་རྒྱ་ཆེར་གཏོང་བ། དུས་རབས་གསར་པའི་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ཚོང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་ཆེ་རུ་གཏོང་དགོས་ཤིང་། དྲ་རྒྱའི་ཤེས་དཔལ་དང་དྲ་རྒྱའི་རིག་གནས་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི་དྲ་ཐོག་གི་མང་ཚོགས་ལམ་ཕྱོགས་ཡག་པོ་བསྐྱོད་པ། སྤུས་རྟགས་ཀྱི་བརྗོད་དོན་གཙོ་བོའི་ནང་དོན་དང་། བྱེད་སྒོའི་རྣམ་པ། བྱ་དགའི་རྣམ་གྲངས་བཀོད་སྒྲིག་སོགས་ལེགས་སུ་གཏོང་བ་བཅས་བྱས་ནས་དེ་ཉིད་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་། ཀྲུང་ཧྭའི་རིག་གནས་ཁྱབ་སྤེལ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བའི་གཞི་རྟེན་གསར་པ་དང་ལས་སྟེགས་གསར་པར་དངོས་འབྲེལ་འགྱུར་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།