རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་དགུ་པའི་སྐོར་ཞིབ་ཚོགས་ཆུང་བཅའ་སྡོད་བྱས་ཟིན་པ།
སྐོར་ཞིབ་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་དགུ་པའི་སྐོར་ཞིབ་ཚོགས་ཆུང་བཅའ་སྡོད་བྱས་ཟིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་སྐོར་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་དང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་དང་། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཆུ་བེད་ཐིང་། བོད་ལྗོངས་ཨར་ལས་བཟོ་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སི། བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སི། རང་སྐྱོང་ལྗོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བསྡུ་སྒྲིལ་མཉམ་སྤྱོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཆེད་སྒྲུབ་ཚན་ཁག(རིམ་སྤོར)བཅས་ཚན་པ་6གི་ཏང་རྩ་འཛུགས་ལ་ཆེད་དོན་སྐོར་ཞིབ་བྱ་རྒྱུ། བོད་ལྗོངས་ཀྲུང་ཤིང་ཚོང་དོན་ཚོགས་པ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི། བོད་ལྗོངས་ཀའོ་ཁྲེ་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚད་ཡོད་ཀུང་སི་བཅས་ཚན་པ་3གྱི་ཏང་རྩ་འཛུགས་ལ་སྐོར་ཞིབ“ཕྱིར་ལྟ”བྱ་རྒྱུ་ཡིན་པ་རེད།
སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་སྐོར་ཞིབ་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་སོ་སོར་འཚོགས་པ་དང་། སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་སྐུལ་སློང་གཏམ་བཤད་སྤེལ་ཏེ། སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། སྐོར་ཞིབ་ལས་དོན་ཏན་ཏིག་སྤེལ་བ་བཅས་ཀྱི་ཐད་བླང་བྱ་བཏོན་པ་རེད།
སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་ཚོས། སྐོབ་ཞིབ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐབས་ཇུས་རང་བཞིན་གྱི་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་རེད། སྐོར་ཞིབ་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ། སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ། ཏང་གི་སྐོར་ཞིབ་ལས་དོན་གྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། “སྲུང་སྐྱོང་གཉིས”ཀྱི་རྩ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ནས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་རྩ་བའི་དགོངས་གཞི་ནན་པོ་མཐའ་འཁྱོངས། བརྒྱུད་རིམ་ལྡན་པའི་འདུ་ཤེས་དང་ཕྱོགས་བསྡུས་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས། དངོས་ཐོག་བདེན་འཚོལ་དང་སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་འཛིན་རྒྱུ་མཐའ་འཁྱོངས། ཆབ་སྲིད་ཀྱི་ལྟ་སྐུལ་གནད་སྨིན་དང་ནུས་ལྡན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས། ཆབ་སྲིད་སྐོར་ཞིབ་ལྟ་སྐུལ་གྱི་གཙོ་གནད་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། སྐོར་ཞིབ་བྱ་ཡུལ་ཚན་པའི་ཁྱད་ཆོས་དང་ཆོས་ཉིད་ལ་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ཤེས་རྟོགས་དང་། སློབ་སྦྱོང་། ལག་བསྟར་བཅས་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། འགན་འཁྲི་དང་ལས་འགན་ལ་གཞི་ཚུགས་ནས“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། ཉེན་ཁ་ཆེན་པོར་དོགས་ཟོན་དང་སེལ་ཐབས་བྱེད་པ། ལས་གྲྭ་འཛུགས་སྐྲུན་དང་འོས་སྐུལ་འོས་དཔོད་ལས་དོན་ལུགས་དང་མཐུན་པ་དང་ཁྲིམས་དང་མཐུན་དགོས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། འགོ་ཁྲིད་ཚན་ཁག་དང་། ལས་བྱེད་ཤེས་ལྡན་པའི་དཔུང་ཁག གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་། དེ་བཞིན་སྐོར་ཞིབ་དང་རྩིས་བཤེར་སོགས་ལྟ་སྐུལ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་སོགས་ཀྱི་གནས་ཚུལ་ལ་ཤུགས་སྣོན་རྒྱག་པ། དབང་ཆ་དང་འགན་འཁྲིར་དམ་པོར་དམིགས་པ། “འགོ་གཙོ་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་དམ་པོར་དམིགས་པ། མང་ཚོགས་ཀྱིས་འདོན་མང་བའི་བསམ་འཆར་ལ་དམ་པོར་དམིགས་པ། ཆབ་སྲིད་ཀྱི་ནོར་འཛོལ་ནུས་ཤུགས་ཡོད་རྒུས་འཚོལ་བ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཆབ་སྲིད་ཀྱི་ལྟ་སྐུལ་དང་འགན་སྲུང་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་དང་། དྲི་བར་ལན་མཉམ་དུ་འདེབས་པར་སྣང་ཆེན། སྒྲིག་ཁྲིམས་དང་སྤྱོད་ཚུལ་ནན་དུ་གཏོང་བ་བཅས་བྱས་ཏེ། སྐོར་ཞིབ་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས། སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཆབ་སྲིད་ཀྱི་ཚུགས་གནས་རང་རྟོགས་ངང་མཐོ་རུ་གཏོང་བ་དང་བསམ་བློ་དང་བྱ་སྤྱོད་སྐོར་གཟིགས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། རང་རྟོགས་ངང་ལྟ་སྐུལ་དང་ལེན་དང་། རང་འགུལ་ངང་སྐོར་ཞིབ་ལ་གཞོགས་འདེགས། དག་ཐེར་ལ་དམ་འཛིན་ཏན་ཏིག་བཅས་བྱས་ནས། སྐོར་ཞིབ་དང་ལེན་གོ་སྐབས་སུ་བྱས་ཏེ་འགན་འཁྲི་དང་ལས་འགན་དེ་བས་ཡག་པོ་སྒྲུབ་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འབད་འཐབ་དམིགས་ཚད་མངོན་འགྱུར་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་ཀྱི་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་ཞིབ་ཚོགས་ཆུང་ཁག་གིས་སྐོར་ཞིབ་བྱ་ཡུལ་ཚན་པར་ལས་དོན་ཉིན་50ཙམ་སྤེལ་རྒྱུ་ཡིན་ཞིང་། དེའི་རིང་ཆེད་མངགས་ལས་རེས་ཀྱི་ཁ་པར་ཨང་གྲངས་དང་སྦྲག་སྲིད་ཡིག་སྒམ་དང་། ཡིག་འབུལ་ཞུ་བཅར་གྱི་བསམ་འཆར་སྒམ་སོགས་ཡིག་འབུལ་ཞུ་བཅར་གྱི་ཐབས་ལམ་བཏོད་དེ། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ། ལས་གནས་གལ་ཆེན་ཐོག་གི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་མཚོན་པའི་ཡི་གེ་དང་། ཁ་པར། ཡིག་འབུལ་ཞུ་བཅར་བཅས་བདག་སྤྲོད་བྱ་རྒྱུ་དང་། གཙོ་གནད་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ལས་འགལ་བའི་སྐོར་གྱི་ཐེར་འདོན་དང་བསམ་འཆར་བདག་སྤྲོད་བྱ་རྒྱུ་རེད། སྐོར་ཞིབ་ཚོགས་ཆུང་གིས་ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་2026ལོའི་ཟླ་7ཚེས་24ཉིན་བར་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།