བོད་ཀྱིས་སྲིད་ཇུས་བཏོན་པ།
ལས་ཞུགས་གསར་པའི་ཚོགས་སྤྱི་གཞི་རིམ་བཅོས་སྐྱོང་ཁྲོད་ནུས་ལྡན་ཞུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་སྤྱི་ཚོགས་ལས་དོན་པུའུ་ཡིས་དྲ་འཕྲིན་གཞུང་ལས་ཁང་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཁྲོམ་ར་ལྟ་འདོམས་ཅུས། སྦྲག་སྲིད་དོ་དམ་ཅུས་སོགས་སྡེ་ཚན་དང་མཉམ་དུ《ལས་ཞུགས་གསར་པའི་ཚོགས་སྤྱི་གཞི་རིམ་བཅོས་སྐྱོང་ཁྲོད་ནུས་ལྡན་ཞུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལས་ཀའི་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཏོན་ནས་ལས་ཞུགས་གསར་པའི་ཚོགས་སྤྱི་གཞི་རིམ་བཅོས་སྐྱོང་ཁྲོད་ཞུགས་པའི་ཐབས་ལམ་དང་ལྕག་སྐུལ་བྱ་ཐབས་སྔར་བས་ཞིབ་ཚགས་སུ་བཏང་སྟེ། ལས་ཞུགས་གསར་པའི་ཚོགས་སྤྱིའི་ལས་རིགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ནུས་ཕྱོད་དུ་བསྒྱུར་ནས། རང་ལྗོངས་ཀྱི་མཉམ་སྐྲུན་མཉམ་བཅོས་མཉམ་རོལ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
《བྱ་ཐབས》ནང་ཁ་གསལ་བཏོན་དོན། ལས་ཞུགས་གསར་པའི་ཚོགས་སྤྱི་གཞི་རིམ་བཅོས་སྐྱོང་གི་ལས་དོན་ཁག་ལ་ནུས་ལྡན་ངང་ཞུགས་རྒྱུ་དེ་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ལས་རིགས་ཀྱིས་གཙོ་བོར་དམ་འཛིན། རང་མོས་ངང་ཞུགས་པ། དྲང་ཕྱོགས་ཀྱི་སྐུལ་ལྕག་བཅས་རྩ་དོན་དུ་བྱེད་པ་དང་། སྐབས་བསྟུན་རྣམ་པ་དང་སྟབས་བདེའི་ངང་ཞུགས་རྒྱུ་བྱེད་སྟངས་གཙོ་བོར་བྱ་རྒྱུ་སྟེ། དྲ་རྒྱའི་སྙན་སྒྲོག་པའི་ཚོགས་པའི་དྲ་ཐོག་གི་ཤུགས་རྐྱེན་ཆེ་བ་དང་། ཁྱབ་རྒྱ་ཆེ་བ། ལྟ་མཁན་ཉན་མཁན་མང་བ་བཅས་ཀྱི་ལས་རིགས་ཀྱི་ཁྱད་ཆོས་ལ་དམིགས་ནས“དྲང་ནུས་དྲིལ་བསྒྲགས་པ”དང་། “དྲ་རྒྱ་བཅོས་སྐྱོང་གི་ལྟ་སྐུལ་པ”“འཕྲལ་སྡོམ་ཆ་འཕྲིན་གཏོང་མཁན”“ཤེས་དཔལ་དར་སྲོལ་གྱི་ཁྲིད་སྟོན་པ”བཅས་ཀྱི་རྐང་འཛིན་དཔུང་ཁག་བཞི་སྐྱེད་སྲིང་བྱེད་པ་དང་། ཁ་ལོ་བའི་ཚོགས་སྤྱིའི་གྲངས་འབོར་མང་བ་དང་།ཏང་ཡོན་མང་བ། ས་ཁོངས་ཧྲིལ་པོར་སྐྱོད་པ། གྲོང་ཁྱེར་དང་གྲོང་གསེབ་ཏུ་སྐྱོད་པ། ལམ་ལ་རྒྱུས་མངའ་ཆེ་བ། མང་ཚོགས་དང་འབྲེལ་འདྲིས་ཆེ་བ་བཅས་ཀྱི་ལས་རིགས་ཀྱི་ཁྱད་ཆོས་ལ་དམིགས་ནས། “འགྲོ་ལམ་མངོན་མེད་རྐྱེན་ངན་གྲལ་བཤེར་པ”དང་། “སྲིད་ཇུས་སྐོར་སྐྱོད་དྲིལ་བསྒྲགས་པ” “གཞི་རིམ་འཕྲལ་སྡོམ་དང་བླངས་པ” “དམངས་ཕན་གཅེས་སེམས་བརྒྱུད་སྤྲོད་པ” “ཡ་རབས་འགྲོ་སྐྱོད་དར་སྤེལ་བ”བཅས་རྐང་འཛིན་དཔུང་ཁག་ལྔ་སྐྱེད་སྲིང་དང་གཏོད་དགོས་པ་དང་། དྲ་འབོད་སྡེབ་སྐྱེལ་བའི་ཚོགས་སྤྱི་སྡེ་ཁུལ་གྱི་ཐོག་བརྩེགས་ཁང་ཆེན་དང་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་དུ་འགྲོ་འོང་མང་བ་དང་། གྲོང་མི་མང་ཚོགས་དང་འབྲེལ་འདྲིས་ཆེ་བ། སྡེ་ཁུལ་གྱི་ཁོར་ཡུག་དང་དེ་བཞིན་བཟའ་བཏུང་ཚོང་ཁང་ལ་རྒྱུས་མངའ་ཆེ་བ་བཅས་ཀྱི་ལས་རིགས་ཀྱི་ཁྱད་ཆོས་ལ་དམིགས་ནས། “བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་པ”དང་། “ཤེས་དཔལ་གྲོང་ཁྱེར་གྱི་དྲིལ་བསྒྲགས་པ” “སྡེ་ཁུལ་དམངས་ཕན་གྱི་ཚབ་སྒྲུབ་པ” “མེ་ཟོན་བདེ་འཇགས་ཀྱི་རོགས་བཤེར་པ”བཅས་རྐང་འཛིན་དཔུང་ཁག་བཞི་སྐྱེད་སྲིང་དང་གཏོད་དགོས་པ། མྱུར་སྐྱེལ་དྲ་ཚིགས་ཤང་དང་གྲོང་རྡལ་གྱི་གྲོང་ཚོར་ཁྱབ་པ་དང་། མྱུར་སྐྱེལ་ལས་ཀ་བྱེད་མཁན་ཞིང་འབྲོག་མང་ཚོགས་དང་འབྲེལ་འདྲིས་ཆེ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་རྒྱུས་མངའ་ཆེ་བ་བཅས་ཀྱི་ལས་རིགས་ཀྱི་ཁྱད་ཆོས་ལ་དམིགས་ནས། “གྲོང་ཚོའི་མངོན་མེད་རྐྱེན་ངན་གྱི་ཆ་འཕྲིན་པ”དང“ཁྲིམས་སྐྱོང་སྲིད་ཇུས་ཀྱི་དྲིལ་བསྒྲགས་པའི”རྐང་འཛིན་དཔུང་ཁག་གཉིས་སྐྱེད་སྲིང་དང་གཏོད་དགོས།
“ལས་ཞུགས་གསར་པའི་ཚོགས་སྤྱི་གཞི་རིམ་བཅོས་སྐྱོང་ནང་མཉམ་འདྲེས་བྱ་རྒྱུ་ནི་སྤྱི་ཚོགས་གྲུབ་ཆའི་འགྱུར་ལྡོག་གི་དུས་རབས་འཕེལ་ཕྱོགས་དང་འཚམ་པ་ཞིག་ཡིན་ལ། གཞི་རིམ་བཅོས་སྐྱོང་གི་ཞན་ཆ་སེལ་བའི་ལྡོག་མེད་ཀྱི་བྱེད་ཐབས་ཤིག་ཀྱང་ཡིན”འབྲེལ་ཡོད་འགན་འཁུར་བས་ལས་དོན་ཁག་ཚང་མ་རྒྱུན་གཏན་གྱི་ལས་ཀར་བསྟུན་ནས་སྤེལ་བ་ལས་ཁོང་ཚོའི་ཁུར་པོ་ལྕི་རུ་མི་གཏོང་ལ། ལས་ཀའི་དུས་ཚོད་ཀྱང་སྤྱོད་ཀྱི་མིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།