དབུ་ཤོག
  • སྣུམ་རིན་དང་གསེར་གོང་ཆེན་པོ་ཆག་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-06-11

    ཚེས་9ཉིན་རྒྱལ་སྤྱིའི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་མངོན་གསལ་དོད་པོ་ཆག་ནས། མ་རྐང་རིན་གོང་ཆག་ཚད་སྐབས་ཤིག་རིང་5%ཙམ་ཟིན་ཡོད། གཞན་ཡང་། དབུས་ཤར་ས་ཁུལ་གྱི་དུས་བབ་ཛ་དྲག་པའི་དབང་གིས་ཨ་སྒོར་གྱི་འཛའ་ཐང་འཕར་བ་དང་། རྒྱལ་སྤྱིའི་གསེར་གྱི་རིན་གོང་ཡང་ཉིན་དེར་བསྟུད་མར་ཆག་པ་རེད།

    དེ་ཉིན་ཚོང་མཇུག་སྒྲིལ་བའི་བར། ཉིའུ་གཡོད་ཚོང་ཟོག་ཉོ་ཚོང་སུའོ་ཡི་ཟླ་7པར་ཚོང་ཟོག་རྩིས་སྤྲོད་བྱས་པའི་ཡང་བའི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཨ་སྒོར་3.10ཆག་ནས་ཟོམ་རེར་ཨ་སྒོར་88.20ཟིན་པ་དང་ཆག་ཚད་3.4%ཟིན་པ་རེད། 

    དེ་དང་ཆབས་ཅིག དབུས་ཤར་ས་ཁུལ་གྱི་དུས་བབ་ཛ་དྲག་པའི་རྐྱེན་གྱིས་ཨ་སྒོར་གྱི་འཛའ་ཐང་འཕར་བ་དང་བསྟུན་ཉིའུ་གཡོད་ཚོང་ཟོག་ཉོ་ཚོང་སུའོ་ཡི་ཟླ་8པའི་གསེར་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཚེས་9ཉིན་ཨང་སི་རེར་ཨ་སྒོར་4230བར་ཆག་ནས་ཆག་ཚད་2%ཙམ་ཟིན་གྱི་ཡོད། དབུས་ཤར་ས་ཁུལ་གྱི་དམག་འཁྲུག་ལས་དངུལ་ལོར་འགྲེམས་ཐལ་ཆེ་རུ་ཕྱིན་པས། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ལྷན་གྱིས་དངུལ་ལོར་སྲིད་ཇུས་དམ་དུ་གཏོང་སྲིད་པ་དང་རྒྱལ་སྤྱིའི་གསེར་གོང་དུས་ཐུང་ནང་མུ་མཐུད་ཆག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།