དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ས་ཆ་གཉིས་སུ་ཡུལ་དེ་རང་གི་ཉ་ཕྲུག་ཁྲི་110གློད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-11

    ཚེས་6ཉིན། “ཆུ་སྐྱེས་སྐྱེ་དངོས་བདག་སྐྱོང་བྱེད། མཛེས་སྡུག་ལྡན་པའི་མཚོ་སྔོན་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོའི་ཉ་གློད་བྱེད་སྒོ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་དང་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་གཉིས་སུ་དུས་གཅིག་ཏུ་སྤེལ་བ་རེད། ཉ་གློད་ཡུལ་ཆེ་གྲས་གཉིས་ནས་དུས་གཅིག་ཏུ་ཙོང་ཉ་ཐིག་ཁྲ་དང་མཚོ་སྔོན་པོའི་ཙོང་ཉ་སོགས་ཡུལ་དེ་རང་གི་ཉ་ཕྲུག་ཁྱོན་ཁྲི་110གློད་པ་རེད། ཡུལ་དེ་རང་གི་ཉ་ཕྲུག་འབོར་ཆེན་གློད་པ་དེ་ལས་རྨ་ཆུའི་སྟོད་རྒྱུད་ཀྱི་ཡུལ་དེ་རང་གི་ཉ་རིགས་ཀྱི་ཐོན་ཁུངས་གྲབས་གསོག་ནུས་ལྡན་ཐུབ་རྒྱུ་དང་། ཆུ་གཞུང་གི་ཉ་རིགས་ཁྱུ་ཚོགས་སླར་གསོ་དང་ཆུ་ཁོངས་སྐྱེ་ཁམས་ལེགས་སུ་འགྲོ་བར་ཕན་ཐོགས་ཡོད་པ། ཉ་ལས་ཀྱི་ལྗང་མདོག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་བཅས་རེད།

    ད་ཕན་ལོ་ཤས་རིང་། མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོའི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་ཉམས་གསོར་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། བྱེད་ཐབས་སྣ་ཚོགས་སྤྱད་ནས་ས་མཐོའི་ཆུ་ཁུངས་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་ས་མཐོའི་གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་སྲུང་བཅད་རྒྱུན་མཐུད་སྲ་བརྟན་དུ་བཏང་ཡོད། གཞི་ཁྱོན་ཅན་གྱི་མི་ཐབས་རྒྱུད་སྤེལ་དང་སྐྱེ་འཕེལ་ཉ་གློད་ལ་བརྟེན་ནས། ཡུལ་དེ་གའི་རང་བྱུང་ཉ་རིགས་ཀྱི་ཁྱུ་ཚོགས་གྲབས་གསོག་རྒྱུན་མཐུད་མང་དུ་བཏང་ཞིང་། རིམ་རྩིས་བརྒྱབ་ན་ཡུལ་དེ་རང་གི་ཉ་རིགས་ཁྱོན་ཁྲི་1900ལྷག་ཙམ་གློད་པ་དང་། ཡུལ་དེའི་ཉ་རིགས་ཐོན་ཁུངས་ཀྱི་སོན་སྲུང་འདུ་འགོད་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། རིགས་5ཡི་ཡུལ་དེ་རང་གི་ཁྱད་ལྡན་ཉ་རིགས་ཀྱི་མི་ཐབས་ཉ་སོན་5000ལྷག་ཙམ་གསོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།