མཚོ་སྔོན་ཞིང་ཆེན་གྱིས་བཟའ་བཅའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ།
ཉེ་ཆར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་བྱེད་པ་ལྟེ་བར་བཟུང་སྟེ། ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་འདོམས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་སྲོལ་ལེགས་སུ་གཏོང་བ། བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། “ཞིང་ཁ་ནས་གསོལ་ལྕོག་བར”གྱི་རྒྱུན་འཁོར་ཧྲིལ་པོར་ལྟ་འདོམས་བྱེད་པའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་གི་ཡོད། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་འགན་སྒྲུབ་ཚད་106%ཟིན་པ་དང་འཚོ་བཅུད་མཛུབ་སྟོན་པ་བཀོད་སྒྲིག་གི་བསྡུར་གྲངས་མི་ཁྲི་རེར་མཛུབ་སྟོན་པ་1.37བཀོད་སྒྲིག་བྱས་པར་བཀོད་སྒྲིག་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
ཉེན་ཆེའི་གཙོ་གནད་དངོས་རིགས་ལ་དམིགས་ནས་ལྟ་ཞིབ་ཚད་ལེན་གྱི་ལས་འགན་ཞིབ་ཕྲ་བཟོས་ཏེ། ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་མང་ཚོགས་ཀྱི་རྒྱུན་གཏན་གྱི་འཛད་སྤྱོད་གཙོ་བོའི་བཟའ་བཅར་ཁྱབ་པ་དང་། ཞིབ་དཔྱད་ཚད་ལེན་གྱི་དམིགས་ཚད་ལྕི་བའི་ལྕགས་རིགས་དང་། ཞིང་སྨན་དང་ཕྱུགས་སྨན་གྱི་ལྷག་རོ། སྐྱེ་དངོས་དུག་རྒྱུ་སོགས་འགག་རྩའི་རྣམ་གྲངས་ལ་ཁྱབ་པར་བྱས་ཡོད་པ་རེད། 2025ལོར་ཞིང་ཆེན་ཡོངས་ཀྱིས་བཟའ་བཅའ་རིགས་ཆེ་གྲས་16དང་། དམིགས་ཚད་ཁག་200 མ་དཔེ་2151བཅས་ཀྱི་སྦགས་བཙོག་དངོས་པོ་དང་གནོད་ཡོད་རྒྱུ་རྐྱེན་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བཟའ་བཅའི་བདེ་འཇགས་ཀྱི་ས་གནས་ཚད་གཞི་བཟོ་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། བཟའ་བཅའི་བདེ་འཇགས་ཀྱི་རྒྱུན་འཁོར་ཧྲིལ་པོར་ཉེན་ཁའི་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སློབ་གྲྭའི་སློབ་མའི་བཟའ་བཅའ་དང་། དྲ་རྒྱའི་བཟའ་བཏུང་། ཞིང་འབྲོག་ཁུལ་གྱི་མཐའ་ཁུལ་འཚོང་ཇར་ཧྥུའུ་ཚད་ལས་བརྒལ་ཡོད་མེད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ་ཆེད་དོན་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བརྡར་གཅོད་བྱས་ཏེ་ཉེན་ཟོན་སྔོན་བརྡ་དང་མ་ལག་རང་བཞིན་གྱི་ཉེན་ཁ་འགོག་ཟོན་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མང་ཚོགས་ཀྱིས་ལྟོ་ཆས་ཟ་དུས་བློ་བདེ་པོ་ཡོང་བ་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།