དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མི་ཆོས་རིག་གནས་ཀྱི་འབྲེལ་ཐག་དམ་དུ་བཏང་ནས་ཀྲུང་གོ་དང་ཨ་མན་མི་དམངས་ཀྱི་འབྲེལ་བ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཀྲང་ཀྲི་ཝུན།   |     སྤེལ་དུས།  2026-06-11

    “ཡིད་དབང་འཕྲོག་པའི་ཀྲུང་གོའི”རྒྱ་ཡིག་དབྱར་སྒར་གྱི་བྱེད་སྒོ་སྤེལ་རིང་། ཨ་མན་གྱི་སློབ་མ་ཚོས་ཀྲུང་གོའི་ཁྲང་ཞིའི་འབག་བཟོ་བཞིན་པ།

    གནའ་གྲོང་ཉི་ཙི་ཝའི་འདབས་སུ་གནས་པའི་ཨ་མན་གྱི་དུས་བརྒལ་རྟེན་མཛོད་ཁང་ནི་ཉེ་བའི་ལོ་ཤས་རིང་ཨ་མན་སྲིད་གཞུང་གིས་བསྐྲུན་པའི་རིག་གནས་དང་ཡུལ་སྐོར་གྱི་མཚོན་རྟགས་གསར་རྐྱང་ཞིག་རེད། ཉིན་ཤས་གོང་། ཨ་མན་གྱི་སྐབས་དང་པོའི“རྒྱ་ཡིག་སྦྲེལ་ཟམ”འགྲན་བསྡུར་དང“ཡིད་དབང་འཕྲོག་པའི་ཀྲུང་གོའི”རྒྱ་ཡིག་དབྱར་སྒར་གྱི་བྱེད་སྒོ་དེ་གར་སྤེལ་བར་ཨ་མན་གྱི་མཐོ་རིམ་སློབ་འབྲིང་4ནས་ཡོང་བའི་རྒྱ་ཡིག་སྦྱོང་མཁན་སློབ་མ་ཁག་དང་པོ་160ལྷག་ཙམ་ཞུགས་ཡོད།

    མཐའ་བསྡུར་བྱེད་རིང་། བདམས་ཐོན་པ་10ཡིས་རྒྱ་ཡིག་གི་གཏམ་བཤད་དང་། ཤེས་བྱའི་དྲིས་ལན། ཤེས་རྩལ་འགྲན་པ་སོགས་ཀྱི་འགྲན་བསྡུར་བྱས་མཐར་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཤིང་། ཨ་མན་སློབ་གསོའི་བློན་ཆེན་གྱི་ལས་རོགས་མཱ་སུའུ་མཱ་ཡིས“སློབ་མ་ཚོས་འགྲན་བསྡུར་ཧ་ཅང་འཁྲུག་པོ་བྱས་སོང་། རྒྱ་ཡིག་ནི་འབྱུང་འགྱུར་གྱི་སྐད་ཡིག་ཅིག་ཡིན་སྟབས། ཨ་མན་སློབ་གསོ་པུས་རྒྱ་ཡིག་སློབ་ཁྲིད་ཀྱི་ཁྱབ་རྒྱ་མུ་མཐུད་ཆེ་རུ་བཏང་ནས་ཨ་མན་གྱི་སློབ་མ་དེ་བས་མང་བར་རྒྱ་ཡིག་སྦྱོང་བ་དང་ཀྲུང་གོར་ཤེས་རྟོགས་བྱེད་པའི་གོ་སྐབས་སྤྲོད་རྒྱུའི་རེ་བ་འཆང་བཞིན་ཡོད”ཅེས་འདི་ག་ཚགས་པར་གྱི་གསར་འགོད་པར་བཤད་བྱུང་།

    2025ལོའི་ཟླ་དགུ་པ་ནས་བཟུང་། རྒྱ་ཡིག་འདི་ཉིད་ཨ་མན་གཞུང་བཙུགས་སློབ་གྲྭའི་སློབ་ཚན་ནང་བཅུག་ཅིང་། ཨ་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའེ་ཅན་གྱིས། རྒྱ་ཡིག་སློབ་གསོ་འདི་ཉིད་ཨ་མན་གྱི་རྒྱལ་དམངས་སློབ་གསོའི་མ་ལག་ནང་འཇུག་རྒྱུར་རྒྱབ་སྐྱོར་དང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ་ནི་ཀྲུང་གོ་དང་ཨ་མན་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ཀྱི་མཚོན་ཚུལ་ཞིག་ཡིན་ལ། ཀྲུང་གོས་ཨ་མན་གྱི་གཞོན་ནུ་ལོ་ཆུང་ལ་སྤྲད་པའི་ལག་རྟགས་རྩ་ཆེན་ཞིག་ཀྱང་རེད་ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨ་མན་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད།

    ན་ནིང་གི་ཟླ་བཅུ་གཅིག་པར། ཀྲུང་གོ་དང་ཨ་མན་གྱི་གཞོན་ནུ་ལོ་ཆུང་དབར་འཕྲིན་ཡིག་གཏོང་རེས་ཀྱི་འཆར་གཞི་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་སྲོལ་རྒྱུན་གྱི་འཕྲིན་ཡིག་གཏོང་བའི་སྒོ་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་དབར“སེམས་སྦྲེལ་ཟམ་པ”བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ལ་ལང་ཚོའི་སྟོབས་ཤུགས་བསྣན་པ་དང་། ཀྲུང་གོའི་གློག་བརྙན《བདུད་ཕྲུག་ནེ་ཀྲས་ཀླུ་ཡུལ་དཀྲུགས་པ》ཞེས་པ་ཨ་མན་དུ་བསྟན་པར་ས་གནས་དེ་གའི་བསྔགས་བརྗོད་བཟང་པོ་ཐོབ་པ། སྤྱི་ཚོགས་འབྲེལ་བའི་ལས་སྟེགས་ལ་ལྟ་མཁན་ཁྲི་20ཟིན་པའི་ཀྲུང་གོ་རྡོ་སྣུམ་ཤར་ཕྱོགས་དངོས་རྫས་འཚོལ་ཞིབ་ཀུང་སིའི་རྒྱལ་ཁོངས་ཨ་མན་ནས་ཡིན་པའི་བཟོ་པ་ས་སྨི·ཤིས་ནའེ་ཡིས་ཀྲུང་གོར་ཐེངས་གཉིས་བསྐྱོད་པ་གཞིར་བྱས་ཏེ་གསར་རྩོམ་བྱས་པའི་བརྙན་ཐུང《ལྕགས་རི་རིང་པོར་མ་སླེབས་ན་ཕོ་རྒོད་མིན》ཞེས་པའི་ནང་ཨ་མན་བའི་མཐོང་ཕྱོགས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་གོའི་རིག་གནས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་རྒྱུས་ལོན་བྱས་པར་ས་གནས་དེ་གའི་དྲ་གྲོགས་མང་པོའི་བསྔགས་བརྗོད་ཐོབ་པ་མ་ཟད། ཀྲུང་གོ་དང་ཨ་མན་གྱི་བརྙན་ཐུང་འགྲན་བསྡུར་ཆེ་མོ་སྐབས་དང་པོའི་དམིགས་བསལ་བྱ་དགའ་ཡང་ཐོབ་པ་སོགས་ཀྲུང་གོ་དང་ཨ་མན་གྱི་དམངས་ཚོགས་རྒྱུན་དུ་འགྲོ་འོང་བྱེད་ཟབ་ཏུ་སོང་བས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་རྣམ་པ་དེ་བས་འཁྲུག་ཏུ་དང་ཕུན་སུམ་ཚོགས་པོ་ཡོང་བར་སྐུལ་མ་ཐེབས་ཡོད།

    མཱ་སུའུ་མཱ་ཡིས། ཉེ་བའི་ལོ་ཤས་རིང་། ཨ་མན་དང་ཀྲུང་གོའི་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འབྲེལ་བ་ཟབ་ཏུ་སོང་ཡོད། སླད་ཕྱིན་ཨ་མན་དང་ཀྲུང་གོ་ཕྱོགས་གཉིས་པོས་རིག་གནས་བྱེད་སྒོ་དེ་བས་མང་བ་སྤེལ་ནས། ན་གཞོན་མི་རབས་ཚོས་རྒྱལ་ཁབ་གཉིས་པོའི་ཤེས་དཔལ་སྤེལ་རེས་ཁྲོད་བཟང་ཆ་འཚོལ་བ་དང་ཕན་ཚུན་ཞིབ་གྲོས་ཁྲོད་མཉམ་དུ་འཚར་ལོངས་ཡོང་བར་བྱས་ནས། ཨ་མན་དང་ཀྲུང་གོའི་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བར་ལྕག་སྐུལ་ཐེབས་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།