དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུའུ་ཡིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི“ཉིན་བརྒྱའི་མཐའ་མའི་གདོང་མཆོང”བྱ་སྤྱོད་སྤེལ་བ།

    སློབ་གྲྭའི་ལས་གནས་གདན་ཞུའི་བྱེད་སྒོ་4000ལྷག་ཙམ་སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-11

    སློབ་གྲྭ་ནས་མ་ཐོན་གོང་དང་ཐོན་རྗེས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་མཚམས་ལ་དམ་འཛིན་བྱ་ཆེད། ཟླ་དྲུག་པ་ནས་བརྒྱད་པའི་བར་སློབ་གསོ་པུའུ་ཡིས་2026ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི“ཉིན་བརྒྱའི་མཐའ་མའི་གདོང་མཆོང”བྱ་སྤྱོད་སྤེལ་ཞིང་། བྱ་སྤྱོད་སྤེལ་རིང་ས་གནས་ཁག་ཏུ་ཡོད་པའི་མཐོ་སློབ་ཁག་གིས་སྔོན་དཔག་བྱས་ན་སློབ་གྲྭའི་ལས་གནས་གདན་ཞུའི་བྱེད་སྒོ་ཐེངས་4000ལྷག་ཙམ་སྤེལ་རྒྱུ་མ་ཟད། ལས་གནས་ཆ་འཕྲིན་ཁྲི་500ལྷག་ཙམ་མཁོ་འདོན་བྱ་རྒྱུ་རེད། རྒྱལ་ཁབ་ཀྱི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ཞབས་ཞུའི་ལས་སྟེགས་སུ་དྲ་ཐོག་གི་ཆེད་དོན་ལས་གནས་གདན་ཞུའི་བྱེད་སྒོ་ཐེངས་10ལྷག་ཙམ་སྤེལ་ནས་ལས་གནས་ཁྲི་150ལྷག་ཙམ་གཅིག་སྡུད་མཁོ་འདོན་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བྱ་སྤྱོད་སྤེལ་རིང་། ས་གནས་ཁག་ཏུ་ཡོད་པའི་མཐོ་སློབ་ཁག་གིས་ཁྲོམ་ར་ཅན་གྱི་ལས་གནས་རྒྱ་ཆེར་ཤུགས་ཆེན་བཏང་སྟེ། ལས་ཞུགས་འཕེལ་རིམ་འགོར་བའི་ཞིང་ཆེན་དང་། མཐོ་སློབ། རིག་ཚན་ཆེད་ལས་དང་དེ་བཞིན་རིམ་གཉིས་སློབ་གླིང་དང་ཚན་ཁག་ལ་དམིགས་ནས། མི་སྤྱི་ཐིང(ཅུས)གི་ཐིང་ཀྲང་དང་ལས་ཞུགས་ཅུས་ཀྱི་ཅུས་ཀྲང་གཙོ་གནད་ཐོག་སྒྲིག་འཛུགས་བྱས་ཏེ་མཐོ་སློབ་ཀྱི“གཅིག་གཏད་གཅིག”གི་གནས་གཏན་འཁེལ་གྱི་འབྲེལ་གཏུག་བྱས་ནས་ཆེད་ལས་དང་འཚམ་པའི་སློབ་གྲྭ་གཅིག་པའི་ཁེ་ལས་དང་། གཞི་ཁྱོན་ཡན་གྱི་ཁེ་ལས། ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་སོགས་སུ་གནས་གཏན་འཁེལ་གྱི་ཁེ་ལས་ལ་བཅར་འདྲི་དང་ལས་གནས་ཆེར་གཏོང་གི་ལས་དོན་སྤེལ་བ། “ཆུང་ལ་རྩེ་གྲ་དང་ཆེད་ལས་ལྡན་ལ་སྤུས་ལེགས”ཀྱི་སློབ་གླིང་གི་ཆེད་དོན་ལས་གནས་གདན་ཞུའི་བྱེད་སྒོ་སྒྲིག་འཛུགས་ཤུགས་ཆེན་བྱེད་པ། ཤར་ནུབ་གཉིས་ཀྱི་ཁ་གཏད་མཉམ་ལས་ལམ་སྲོལ་ཡག་པོ་སྤྱོད་པ་བཅས་བྱས་ནས“རྫོང་བརྒྱ་ཡིས་སློབ་གྲྭ་བརྒྱར་ལས་ཞུགས་སྐུལ་གཏོང་བྱ་སྤྱོད”གཏིང་ཟབ་སྤེལ་རྒྱུ་དང་། སྲིད་ཇུས་རང་བཞིན་གྱི་ལས་གནས་བསྡུ་ལེན་སྒྲིག་འཛུགས་བྱེད་པ་དང་། གཞུང་ཞབས་པ་དང་། བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས། ཚན་ཞིབ་ལས་རོགས་སོགས་ཀྱི་ལས་གནས་བསྡུ་ལེན་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། ཟླ་8པའི་ཟླ་མཇུག་གོང་ཚང་མ་ལེགས་གྲུབ་ཐུབ་པ་བྱ་རྒྱུ། “དམིགས་བསལ་ལས་གནས་ཀྱི་འཆར་གཞི”དང་། “རོགས་སྐྱོར་གསུམ་དང་རྒྱབ་སྐྱོར་གཅིག”“ནུབ་རྒྱུད་འཆར་གཞི” “སློབ་གྲྭ་ཆེ་མོ་བའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞི”སོགས་རྒྱལ་ཁབ་ཀྱི་གཞི་རིམ་ཞབས་ཞུའི་རྣམ་གྲངས་མགྱོགས་མྱུར་དོན་འཁྱོལ་བྱ་རྒྱུ། ས་གནས་ཁག་ལ“གྲོང་གསེབ་དར་རྒྱས་ཀྱི་རོགས་ལས་པ”དང“སྡེ་ཁུལ་གྱི་ལས་རོགས”སོགས་ས་གནས་ཀྱི་གཞི་རིམ་རྣམ་གྲངས་ལག་ལེན་བསྟར་བར་ལྕག་སྐུལ་བྱ་རྒྱུ། མཐོ་སློབ་དོ་དམ་ལས་རོགས་དང་སློབ་ཁྲིད་ལས་རོགས་ལས་གནས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དཀའ་ངལ་ཡོད་པའི་ཚོགས་སྤྱིར་ལས་ཞུགས་རོགས་སྐྱོར་གནད་སྨིན་བྱས་ནས“གཅིག་གཏད་གཅིག”གི་རོགས་སྐྱོར་འགན་འཁྲི་དོན་འཁྱོལ་བྱས་ཏེ། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སློབ་ཐོན་སློབ་མ་ཚང་མར་ཏང་སྲིད་ལས་བྱེད་པའམ་ཡང་ན་དགེ་རྒན་རེ་བཀོད་སྒྲིག་བྱས་ནས་ཆ་འགྲིག་རོགས་སྐྱོར་གྱི་འགན་ཁུར་ཏེ། ལས་གནས་བརྟན་པོ་གསུམ་ཡན་མཁོ་འདོན་བྱ་རྒྱུ། ལས་ཞུགས་འཇོན་ཐང་ཆེར་གཏོང་གི“སྟོང་གཉིས”ཀྱི་འཆར་གཞི་དང“ཕུགས་བསམ་མངོན་འགྱུར་འཆར་གཞི”ལག་ལེན་ཤུགས་ཆེན་བསྟར་རྒྱུ། སློབ་གྲྭ་ཐོན་ནས་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མར་མི་སྤྱི་སྡེ་ཚན་དང་མཉམ་དུ་རྗེས་སྙེག་རོགས་སྐྱོར་གྱི་ལས་དོན་རྒྱུན་མཐུད་སྤེལ་ནས། “སློབ་གྲྭ་ཐོན་རུང་ལས་ཞུགས་ཞབས་ཞུ་མུ་མཐུད་སྤེལ་ཐུབ་པའི”འགན་ལེན་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།