དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་ལས་བྱེད་པའི་སློབ་གྲྭར་གཟིགས་སྐོར་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-11

    ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་9ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱི་ཕེབས་རོགས་འོག ཕོང་དབྱང་དུ་གནས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་ལས་བྱེད་པའི་སློབ་གྲྭར་གཟིགས་སྐོར་གནང་བ་རེད།

    ཆུ་ཚོད་11ཙམ་ལ། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་དེ་གར་ཕེབས་འབྱོར་ཟིན་ཞིང་། ཅིན་ཀྲེང་ཨེན་གྱིས་སློབ་གྲྭའི་མཚོན་བྱེད་རང་བཞིན་གྱི་ཨར་སྐྲུན་ཡིན་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་མཚོན་བྱེད་མཆོད་རྟེན་གྱི་མདུན་དུ་ཕེབས་བསུ་ཞུས་པ་དང་། དགེ་སློབ་བརྒྱ་ཕྲག་དུ་མས་ལམ་གྱི་གཞོགས་གཉིས་ནས་ཕེབས་བསུ་ཞུས་པ་མ་ཟད། དགེ་སློབ་ཀྱི་འཐུས་མིས་ཞི་ཅིན་ཕིང་ལ་མེ་ཏོག་སོས་པ་ཕུལ་བ་རེད།

    ཅིན་ཀྲེང་ཨེན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་སློབ་གྲྭའི་སྐས་རིམ་སློབ་ཁང་དུ་ཕེབས་ཤིང་། སློབ་ཁང་ནང་སློབ་མ་རྣམས་གྲལ་སྟར་འགྲིག་པོར་བསྡད་ཡོད་པ་དང་དགེ་རྒན་གྱིས་ཁྲའོ་ཞན་གྱི་ཕྱི་ཕྱོགས་འབྲེལ་བའི་སློབ་ཚན་ཁྲོད་ཀྱི་ཀྲུང་ཁྲའོ་འབྲེལ་བའི་ནང་དོན་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད། ཀྲུང་ཁྲའོ་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་སྐབས། དགེ་སློབ་རྣམས་ཡར་ལངས་ནས་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་སློབ་ཁྲིད་ལ་གཟིགས་ཞོར་དབུ་ལྕོག་ལྕོག་གིས་བསྔགས་བརྗོད་ཡང་ཡང་གནང་བ་རེད།

    སྐས་རིམ་སློབ་ཁང་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་གློག་སྒུལ་རླངས་འཁོར་ལ་བཞུགས་ནས་སློབ་གྲྭར་གཟིགས་སྐོར་གནང་བ་དང་། ལམ་བར་དུ་འབྲེལ་ཡོད་ཀྱི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་དང་སློབ་ཁྲིད་བཀོད་སྒྲིག་སོགས་ཀྱི་ངོ་སྤྲོད་གསན་པ་རེད།

    སློབ་ཁྲིད་ཐོག་ཁང་བར་དུ་ཡོད་པའི་ནགས་སར་ཕེབས་སྐབས། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་ཕྱག་ཏུ་སྦྱག་མ་བསྣམས་ནས་ས་བཀབ་པ་དང་ཆུ་བརྒྱབ་སྟེ་གསོམ་ཤིང་སྡོང་རྐང་གཅིག་བཙུགས་པ་རེད། དེ་ཡང་གསོམ་ཤིང་དུས་ཚིགས་བཞི་ལ་སྔོ་ཐིང་ངེར་གནས་པ་དང་དེས་ཀྲུང་ཁྲའོ་མཛའ་གྲོགས་ནམ་ཡང་ཉམས་པ་མེད་པ་མཚོན་གྱི་ཡོད། དེ་རྗེས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་བདེན་དཔང་འོག ཚའེ་ཆི་དང་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གི་ཧྲུའུ་ཅི་ཅིན་ཚའེ་ལུང་གིས་མཉམ་དུ་ཤིང་འཛུགས་མཚོན་བྱེད་རྡོ་རིང་གི་ཡོལ་ཁེབས་ཕྱེ་བ་རེད། རྡོ་རིང་གི་མདུན་ངོས་སུ་ཀྲུང་གོ་དང་ཁྲའོ་ཞན་གྱི་ཡིག་རིགས་གཉིས་ཀྱི་ཐོག་ནས“ཀྲུང་ཁྲའོ་མཛའ་གྲོགས་བསྐལ་བརྒྱར་གནས”ཞེས་པའི་ཡིག་འབྲུ་ཆེན་པོ་འགའ་བརྐོས་ཡོད། ཕྱོགས་གཉིས་པོའི་ཕེབས་རོགས་མི་སྣ་དང་ཁྲའོ་ཞན་ཕྱོགས་ཀྱི་སློབ་མ་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་ཤིང་འཛུགས་མཚོན་བྱེད་རྡོ་རིང་གི་མདུན་དུ་ཕྱག་བཏང་ནས་མཉམ་པར་བསྐྱོན་པ་རེད།

    ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།