ཞི་ཅིན་ཕིང་སྟངས་དཔྱལ་ཅིན་ཀྲེང་ཨེན་སྟངས་དཔྱལ་གྱིས་བཤམས་པའི་ཁྱབ་ཁོངས་ཆུང་བའི་ཉིན་གུང་གི་གསོལ་སྟོན་ལ་ཞུགས་པ།
ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ཕོང་དབྱང་ཅིན་ཤིའུ་ཧྲན་མགྲོན་བསུ་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་ཡིས་བཤམས་པའི་ཁྱབ་ཁོངས་ཆུང་བའི་ཉིན་གུང་གི་གསོལ་སྟོན་ལ་ཞུགས་པ་རེད།
ཆུ་ཚོད་12དང་སྐར་མ་30ཙམ་ལ། ཅིན་ཀྲེང་ཨེན་སྟངས་དཔྱལ་གྱིས་ཞི་ཅིན་ཕིང་སྟངས་དཔྱལ་བཞུགས་སའི་ཅིན་ཤིའུ་ཧྲན་མགྲོན་བསུ་ཁང་དུ་ཕེབས་ནས་ཆར་པ་སིམ་སིམ་ཁྲོད་གློག་སྒུལ་རླངས་འཁོར་ལ་བཞུགས་ཏེ་ཅིན་ཤིའུ་ཧྲན་མགྲོན་བསུ་ཁང་གི་གསོལ་སྟོན་ཚོམས་ཆེན་དུ་ཕེབས་པ་རེད།
གསོལ་སྟོན་ཐོག་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པས་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དང་རྒྱུན་འཛིན་བྱ་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།
ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ང་ཚོས་ཁྲའོ་ཞན་ཏང་དང་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོའི་ཏང་དང་སྲིད་གཞུང་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་དང་མཛའ་གྲོགས་དེ་བས་ཚོར་བྱུང་། ང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དབར་དུས་རབས་གསར་པའི་ཀྲུང་ཁྲའོ་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དང་འབྲེལ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་ཀྱང་བྱས་པ་ཡིན། ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་པོས་ཕྱོགས་ཡོངས་ནས་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་བས་ཁ་གསལ་ཡོང་བ་བྱེད་དགོས། ངས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དང་ལྷན་དུ་ཀྲུང་ཁྲའོ་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་ཐུན་མོང་ཐོག་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད་ཅེས་གསུངས་པ་རེད།
ཅིན་ཀྲེང་ཨེན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་ནས་ཁྲའོ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པའི་དགེ་མཚན་ལྡན་པའི་ཆ་འཕྲིན་འཛམ་གླིང་ལ་བརྒྱུད་སྤྲོད་བྱས་པར་ཕྱོགས་ཁག་གི་ཚད་མཐོའི་དོ་ཁུར་ཐོབ་ཡོད། ད་ཐེངས་ཀྱི་འཚམས་འདྲི་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ས་ཁུལ་དེ་གའི་འབྱུང་འགྱུར་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་ད་ཐེངས་ཀྱི་འཚམས་འདྲིར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཏན་ཏིག་ཐོབ་པར་སྐུལ་འདེད་གཏོང་བ་དང་ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།