དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཀྲུང་ཁྲའོ་མཛའ་གྲོགས་མཆོད་རྟེན་ལ་གུས་མཇལ་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-11

    ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་9ཉིན་གྱི་སྔ་དྲོར། ཁྲའོ་ཞན་དུ་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཀྲུང་ཁྲའོ་མཛའ་གྲོགས་མཆོད་རྟེན་ལ་གུས་མཇལ་ཞུས་པ་དང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་ཡིས་ཕེབས་རོགས་ཞུས་པ།

    ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་9ཉིན་གྱི་སྔ་དྲོར། ཁྲའོ་ཞན་དུ་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཀྲུང་ཁྲའོ་མཛའ་གྲོགས་མཆོད་རྟེན་ལ་གུས་མཇལ་ཞུས་ཤིང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་ཡིས་ཕེབས་རོགས་ཞུས་པ་རེད།

    ཆུ་ཚོད་10དང་སྐར་མ་40ཙམ་ལ། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རླངས་འཁོར་ལ་བཞུགས་ཏེ་མུའུ་ཏན་རི་བོའི་འདབས་སུ་གནས་པའི་ཀྲུང་ཁྲའོ་མཛའ་གྲོགས་མཆོད་རྟེན་གྱི་མདུན་དུ་ཕེབས་འབྱོར་ཟིན་པ་དང་ཅིན་ཀྲེང་ཨེན་དང་ལི་ཞུའེ་ཀྲུའུ་ཡིས་ཕེབས་བསུ་ཞུས་པ་རེད། ཁྲའོ་ཞན་དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་། གུས་དམག་གིས་མེ་ཏོག་སི་ར་སྟེགས་བུའི་ཐོག་དལ་བུར་བཞག མེ་ཏོག་སི་རའི་དར་འཛར་ཐོག“ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་དུ་གནས”ཞེས་བྲིས་ཡོད། ཞི་ཅིན་ཕིང་རྡོ་བཀྱག་སྟེང་དལ་བུར་འཛེགས་ཏེ་མེ་ཏོག་སི་རའི་དར་འཛར་ལེགས་སྒྲིག་གནང་བ་དང་། དེ་གར་ཡོད་པའི་མི་ཚང་མས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། མྱ་ངན་ཞུས་ཟིན་རྗེས་ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་པ་རེད།

    ཅིན་ཀྲེང་ཨེན་སྟངས་དཔྱལ་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་སྟངས་དཔྱལ་མཛའ་གྲོགས་མཆོད་རྟེན་གྱི་དྲན་གསོའི་ཚོམས་ཆེན་དུ་ཕེབས་པ་རེད།

    ཅིན་ཀྲེང་ཨེན་གྱིས་ཞི་ཅིན་ཕིང་ལ་མཛའ་གྲོགས་མཆོད་རྟེན་དུ་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཁྲའོ་ཞན་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་ཁྲག་བཏོན་དམར་འཛིང་དང་ཐུན་མོང་ཐོག་ཁྱིམ་གཞིས་བསྐྱར་སྐྲུན་བྱས་པའི་ལོ་རྒྱུས་ཀྱི་དཔྱད་གཞི་དང་། པར་རིས། སྣུམ་ཚོན་རི་མོ་བཅས་ངོ་སྤྲོད་གནང་བ་དང་། ཞི་ཅིན་ཕིང་གིས་དེ་གར་ཡུན་རིང་བཞུགས་ནས་ཞིབ་ཚགས་ངང་གཟིགས་གནང་བ་རེད། ཞི་ཅིན་ཕིང་གིས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་མིང་ཐོར་ནན་ཏན་ངང་གཟིགས་ནས་ཅིན་ཀྲེང་ཨེན་ལ་སྐུ་གཤེགས་པའི་དང་བླངས་དམག་གི་དཔོན་དམག་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད།

    ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས། དུས་རབས་གོང་མའི་ལོ་རབས་50པར་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་དམག་འཐབ་བྱས་པའི་ལོ་ཟླ་ནི་ཕྱོགས་གཉིས་པོའི་ནམ་ཡང་འགྱུར་མེད་ཀྱི་ལོ་རྒྱུས་ཀྱི་དྲན་འཆར་ཞིག་ཡིན་པས། ཕྱོགས་གཉིས་པོས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་ལ་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱས་ཏེ། ཁྱད་ཆོས་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོའི་ལས་དོན་སྤེལ་ནས་རླབས་ཆེ་བའི་ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་རླབས་ཆེན་གྱི་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།

    ཚའེ་ཆི་དང་ཝང་དབྱི་སོགས་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།