རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དེང་རབས་ཅན་གྱི་འཕྲལ་སྡོམ་མ་ལག་འཛུཌ་སྐྱོང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དེང་རབས་ཅན་གྱི་འཕྲལ་སྡོམ་མ་ལག་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བདེ་འཇགས་ཐོན་སྐྱེད་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། གེགས་སེལ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།
《འཆར་འགོད》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇཌ་ལྟ་བ་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ་དང་། བཅོས་སྐྱོང་བྱེད་སྟངས་མ་ཐོན་སྔོན་འགོག་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། སྒྱུར་བཅོས་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་འཛིན་པ་བཅས་བྱས་ནས། གནོད་འཚེ་ཉུང་གཏོང་དང་སྔོན་འགོག་དང་། གེགས་འགོག་འགོག་སྲུང་། གེགས་སེལ་འགན་སྲུང་བཅས་ཀྱི་ནུས་པ་དུས་མཉམ་དུ་ཆེ་རུ་གཏོང་བ་དང་། “བྱ་བ་གཅིག”གིས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་བཅོས་སྒྲིག་གི་འཁོར་འབྲེལ་ཧྲིལ་པོར་སྐུལ་འདེད་གཏོང་བ། ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། ཉེན་ཁ་ཆེ་རིགས་དང་ལས་འཛོལ་ཅུང་ཆེ་རིགས་སྔོན་འགོག་ནུས་ལྡན་བྱེད་པ། རང་བྱུང་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
《འཆར་འགོད》ནང་བཏོན་དོན། 2030ལོར་སླེབས་སྐབས་རང་རྒྱལ་གྱི་འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་འཛུགས་སྐྲུན་ལ་འཕེལ་རིམ་མངོན་གསལ་དོད་པོ་བྱུང་ནས་མ་ཐོན་སྔོན་འགོག་གཙོ་བོར་བྱེད་པའི་བཅོས་སྐྱོང་བྱེད་སྟངས་ནུས་ལྡན་ངང་འཛུགས་པ་དང་། གཅིག་སྡུད་གཅིག་གྱུར་དང་ནུས་ཆེ་དབང་གྲགས་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲལ་སྡོམ་དོ་དམ་སྒྲིག་སྲོལ་དེ་བས་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཆེན་པོ་དང་འཕྲལ་སྡོམ་ཆེན་པོའི་སྒྲོམ་གཞིའི་འོག་གི་འཕྲལ་སྡོམ་བཀོད་འདོམས་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་གཏོང་བ། ཐོལ་བྱུང་དོན་རྐྱེན་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་ཐག་གཅོད་འགན་ལེན་གྱི་ནུས་པ་དང་གཞི་རིམ་གྱི་འཕྲལ་སྡོམ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། འཕྲལ་སྡོམ་དོ་དམ་གྱི་ཁྲིམས་སྐྱོང་ཅན་དང་། ཚན་རིག་ཅན། རིག་ནུས་ཅན་བཅས་ཀྱི་ཆུ་ཚད་ཧ་ཅང་མཐོ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། གེགས་སེལ་བཅས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བར་བྱེད་དགོས། 2035ལོར་སླེབས་སྐབས། དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་དང་འཚམ་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་འཕྲལ་སྡོམ་མ་ལག་བསྐྲུན་ནས་ཁྲིམས་ལྟར་འཕྲལ་སྡོམ་དང་། ཚན་རིག་དང་མཐུན་པའི་འཕྲལ་སྡོམ། རིག་ལྡན་འཕྲལ་སྡོམ་བཅས་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཐད་མཉམ་འགུལ་བཟང་པོ་ཡོང་བར་བྱེད་དགོས།
《འཆར་འགོད》ནང་། འཕྲལ་སྡོམ་དོ་དམ་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་བདེ་འཇགས་ཆེན་པོ་དང་འཕྲལ་སྡོམ་ཆེན་པོའི་རྣམ་པ་གཏོད་པར་སྐུལ་འདེད་བཏང་ཞིང་། ཉེན་ཁའི་འབྱུང་རྩར་དོ་དམ་ཚོད་འཛིན་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། བཅོས་སྐྱོང་བྱེད་སྟངས་མ་ཐོན་སྔོན་འགོག་ཕྱོགས་སུ་གང་མགྱོགས་བསྒྱུར་བ། འཕྲལ་སྡོམ་སྟོབས་ཤུགས་ཀྱི་བཀོད་ཇུས་ལེགས་སུ་གཏོང་བ་དང་། གནོད་འཚེ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ། གཙོ་རྒྱུ་ཀུན་འདུས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་ཐག་གཅོད་ཀྱི་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་འཕྲལ་སྡོམ་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱི་གེགས་འགོག་ཉེན་གཡོལ་ནུས་པ་ཆེ་རུ་གཏོང་བ་སོགས་ཕྱོགས་ལྔའི་ཐད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་དང་། རིགས་ཆེན་པོ་ལྔའི་གཙོ་གནད་ལས་གྲྭ་ཁྱོན་17བཀོད་སྒྲིག་བྱས་པ་རེད།
《འཆར་འགོད》ནང་བླང་བྱ་བཏོན་དོན། ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་འཛོལ་ཤོར་བའི་འགན་འཁྲི་བདའ་འདེད་བཅས་མཐའ་འཁྱོངས་བྱས་ཏེ། འཆར་འགོད་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་དམིགས་ཚད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། སྣ་མང་ཅན་གྱི་མ་འཇོག་འགན་ལེན་གྱི་རྣམ་པ་བཏོད་དེ་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། འཕྲལ་སྡོམ་དོ་དམ་པུས་འཆར་འགོད་ལག་བསྟར་གྱི་དུས་དཀྱིལ་དཔྱད་དཔོག་དང་ཕྱོགས་སྡོམ་དཔྱད་དཔོག་སྒྲིག་འཛུགས་བྱས་ཏེ་ལག་བསྟར་གྱི་ཕན་འབྲས་ལ་དབྱེ་ཞིབ་དང་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།