དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས།

    ཨ་རིས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སོགས་ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བཏབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-10

     ཚེས་5ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སོགས་ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

    གསར་འགོད་པས་དྲིས་དོན། ཨ་རིའི་ནོར་སྲིད་པུས་ཚེས་4ཉིན་སྤྱི་བསྒྲགས་སྤེལ་ནས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི—ཁ་ནེར་སོགས་དང་དེ་བཞིན་འབྲེལ་ཡོད་ཀྱི་དངོས་ཚན་དང་མི་སྒེར་བཀག་སྡོམ་མིང་ཐོའི་ནང་འཇུག་རྒྱུའི་ཁྱབ་བསྒྲགས་བྱས་པའི་ནང་ཏི་ཡ་སི—ཁ་ནེར་བཟའ་ཚོ་གཉིས་པོ་དང་སྔ་ཚར་དང་། ཁུ་པའི་གསར་བརྗེའི་འགོ་ཁྲིད་མི་སྣ་ལའོར·ཁ་སི་ཐེ་ལུའོ་ཡི་བུ་དང་ཚ་བོ་སོགས་ཚུད་ཡོད། ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི—ཁ་ནེར་གྱིས་ཨ་རིའི་བྱེད་སྟངས་དེའི་དམིགས་ཡུལ་ནི་ཁུ་པར་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་ཆེད་ཡིན་པ་དང་ཁུ་པས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད། ཁུ་པའི་ཕྱི་འབྲེལ་པུས་ཨ་རིའི་རེས་སྐོར་གསར་པའི་བཀག་སྡོམ་ནི“དཔལ་འབྱོར་གྱི་བཙན་འཛུལ”བྱེད་སྤྱོད་ཅིག་ཡིན་པ་དང་འབྲེལ་དེར་ཁ་གཡར་ནས་ཉེན་ཁ་དེ་བས་ཆེ་བའི་བྱ་སྤྱོད་སྤེལ་བའི་ནང་ཁུ་པར་དམག་དོན་བཙན་འཛུལ་བྱེད་པ་ཚུད་ཡོད་ཅེས་བརྗོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

    མགྲིན་ཚབ་པས། ཨ་རི་ཕྱོགས་ཀྱིས་ཁུ་པར་བཀག་སྡོམ་བྱེད་ཤུགས་སྔར་བས་དྲག་ཏུ་བཏང་སྟེ་མངོན་སུམ་འཛེམ་མེད་ངང་ཁུ་པའི་འགོ་ཁྲིད་མི་སྣའི་མིང་བཏོན་ནས་ཆེར་རློམ་ཆུང་གནོན་གྱི་བཙན་དབང་དང་དྲག་ཐབས་བཙན་བརྙས་ཀྱི་གདོང་རིས་ངན་པ་སླར་ཡང་དམར་རྗེན་དུ་བསྟན་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཁུ་པའི་བརྟན་ལྷིང་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་རེ་སྒུག་ཅིག་ཡིན་པས་ཁུ་པར་ཟང་ཟིང་བཟོས་ཚེ་མཐར་རང་ཉིད་ལ་གནོད་འཚེ་ཕོག་ངེས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཁུ་པར་བཀག་སྡོམ་དང་རྣམ་པ་གང་རུང་གི་བཙན་ཤེད་གཉའ་གནོན་བྱེད་མཚམས་འཕྲལ་དུ་འཇོག་པ་དང་ཁུ་པའི་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆར་བཙན་གནོད་བྱེད་མཚམས་འཇོག་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན། ཁུ་པས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།