དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་དབན་མིང་གིས་ཚོགས་པའི་སྣེ་ཁྲིད་དེ་ཁ་ན་ཏ་དང་ཨ་རིར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-06-10

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅིའུ་ཅིན་ཧྲན་ནས་ཟླ་6ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་1ནས་6ཉིན་བར། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་དབན་མིང་གིས་ཚོགས་པའི་སྣེ་ཁྲིད་དེ་ཁ་ན་ཏ་དང་ཨ་རིར་འཚམས་འདྲི་གནང་བ་དང་། ཀྲུང་གོ་དང་ཁ་ན་ཏའི་རིག་གནས་གླེང་མོལ་སྐབས་དྲུག་པ་དང་ཀྲུང་ཨའི་མཛའ་གྲོགས་གྲོང་ཁྱེར་གྱི་ཚོགས་ཆེན་སྐབས་བརྒྱད་པར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།

    ཁ་ན་ཏར་བཞུགས་རིང་། དབྱང་དབན་མིང་གིས་གྲོས་ཚོགས་སུ་བཅའ་སྡོད་ཁ་ན་ཏའི་ཙུང་ལིའི་དྲུང་ཡིག་པུའུ་ལུའོ་དབྱི་སི་དང་། ཙུང་ལི་གཞོན་པ་ཟུར་པ་ཁོ་ཕུའུ་སི། ཤུལ་བཞག་པུའི་པུའུ་ཀྲང་གཞོན་པ་པི་ལུའོ་ཏུའོ། གྲོས་ཁང་འོག་མའི་གྲོས་མི་དང་ཁ་ཀྲུང་གྲོས་ཚོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཅིག་ལྕོགས་ལུའོ་ཡེ། གྲོས་ཁང་གོང་མའི་གྲོས་མི་ཧུའུ་ཡོན་པའོ། མོང་ཐེ་ལེར་གྲོང་ཁྱེར་གྱི་ཧྲི་ཀྲང་གི་འཐུས་མི་པཱ་ལུན་སུའུ་ཨའེ་ལཱ་སོགས་ལས་རིགས་ཁག་གི་མི་སྣར་མཇལ་འཕྲད་གནང་བ་དང་ཆབས་ཅིག ཁ་ཀྲུང་མཛའ་གྲོགས་སྤེལ་རེས་མཐུན་ཚོགས་དང་། ཁ་ཀྲུང་ཚོང་དོན་ལས་འཛིན་ལྷན་ཚོགས། པའེ་ཆིའུ་ཨེན་མཐུན་ཚོགས་བཅས་དང་ལས་དོན་གྲོས་མོལ་གནང་བ་རེད།

    ཨ་རིར་བཞུགས་རིང་། དབྱང་དབན་མིང་གིས་ཅིའུ་ཅིན་ཧྲན་གྱི་ཧྲི་ཀྲང་ལུའོ་ཝུའེ་དང་། ཨུ་ལེ་ཀང་ཀྲོའུ་ཡི་གྲོས་ཁང་གོང་མའི་གྲོས་དཔོན་ཝ་ཀེ་ནཱ། ཝ་ཧྲིང་ཐོན་ཀྲོའུ་ཡི་གནས་སྐབས་གྲོས་ཁང་འོག་མའི་གྲོས་དཔོན་སི་ཐེ་ཨེན་སི། གོ་ལ་ཧྲིལ་པོའི་མཛའ་གྲོགས་གྲོང་ཁྱེར་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཧའོ་པོ་ཐེ་བཅས་དང་གྲོས་མོལ་གནང་བ་རེད།

    ཕྱོགས་ཁག་གིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁ་ན་ཏ་དང་ཨ་རིའི་འགོ་ཁྲིད་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་གོ་དང་ཁ་ན་ཏའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པ་དང་ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།