དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་བཅུའི་རིང་སློབ་གསོའི་ཤེས་ལྡན་པས་བོད་ཀྱི་སློབ་གསོ་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལུའུ་ཏན་དབྱང་།   |     སྤེལ་དུས།  2026-06-10

    འདི་ནི་བོད་སྐྱོར་དགེ་རྒན་ཚུའེ་ཡོན་ཝུའེ་ཡིས་སློབ་ཚན་མ་འཚོགས་གོང་སློབ་མར་ལག་གདུབ་སྤྲོད་བཞིན་པ།

    གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི་གནམ་དཔྱད་སློབ་ཚན་ཐོག་སློབ་མ་ཚོས་ཧྲང་ཧའེ་གནམ་དཔྱད་ཁང་ནས་བསྐུར་ཡོང་བའི་ཟླ་བ་ཧྲིལ་འཛིན་གྱི་ཚན་རིག་ཁྱབ་གདལ་གྱི་བརྙན་ལམ་ལ་བལྟས་རྗེས། སྒྲིག་བཟོ་བྱས་པའི་ཆེ་ཤེལ་དང་ལྟེབ་རྩིས་རྒྱག་ཆོག་པའི་ཤེལ་མདོང་ཤོག་བུ་བཟུང་ནས་རྒྱང་ཤེལ་སྒྲིག་སྦྱོར་བྱེད་འགོ་ཚུགས། སློབ་མ་ཕུན་ཚོགས་བུ་ཁྲིད་ཀྱིས་རྒྱང་ཤེལ་ལ་བལྟས་ནས“ནག་པང་ཐོག་གི་ཡི་གེ་ཆེ་རུ་ཕྱིན་སོང”ཞེས་དགའ་ཚོར་ཆེན་པོས་བཤད།

    གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭར་གནམ་དཔྱད་སློབ་ཚན་འཚོགས་པ་དེས་ས་མཐོའི་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། དེ་ནི་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་ལོ་བཅུའི་རིང་འབད་བརྩོན་བྱས་པའི་བསྡུས་རིས་ཤིག་ཀྱང་རེད།

    2016ལོར་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཚུན། དགེ་རྒན་800ལས་གྲུབ་པའི་ཚོགས་པ་ཁག་དང་པོ་བོད་དུ་བསླེབས། ལོ་བཅུའི་རིང་བོད་སྐྱོར་དགེ་རྒན་2500ལྷག་ཙམ་གྱིས་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱས་ནས་སློབ་གྲྭ་འབྲིང་ཆུང་21ལ་ཁ་གཏད་རོགས་སྐྱོར་བྱས་ཏེ། མུ་མཐུད་འབད་འཐབ་ཀྱིས་གངས་ལྗོངས་ས་མཐོའི་སློབ་གསོ“གཞན་བརྟེན”ནས“རང་བརྟེན”ལ་བསྒྱུར་ཡོད།

    ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་ལུས་རྩལ་ཐང་དུ་སློབ་མ་ཚོས་ཞོགས་པའི་གཟུགས་གཞི་བདེ་ཐང་ཚད་ལེན་ཚོད་ལྟ་མ་བྱས་གོང་གི་གྲ་སྒྲིག་བྱེད་བཞིན་མཆིས། སློབ་གྲྭའི་ལུས་རྩལ་ཁང་དུ་སྐྱོད་སྐབས་བོད་སྐྱོར་ལུས་རྩལ་དགེ་རྒན་ཀྲང་ཆན་དང་ཚུའེ་ཡོན་ཝུའེ་ཡིས་པེ་ཅིང་གྲོང་ཁྱེར་མོན་ཐོའུ་ཀོའུ་ཆུས་ཡུས་ཡོན་སློབ་ཆུང་གི་ལུས་རྩལ་དགེ་རྒན་ཏུང་ཞའོ་དང་མཉམ་དུ་སྒྲིག་ཆས་ལ་ཚོད་ལྟ་བྱེད་བཞིན་ཡོད།

    ལུས་རྩལ་ཁང་གི་གྱང་ངོས་སུ་བརྡ་རྟགས་བསྡུ་ལེན་སྒྲིག་ཆས་བཙུགས་པ་དང་སློབ་མ་ཚང་མས་སློབ་ཁྲིད་མ་བྱས་གོང་ལག་གདུབ་འདོགས་ཀྱི་ཡོད། དགེ་རྒན་ཚུའེ་ཡོན་ཝུའེ་ཡིས་ངོས་ལེབ་གློག་ཀླད་ནས་སློབ་མའི་སྙིང་གི་འཕར་ཚད་སོགས་ཀྱི་གྲངས་གཞིར་ལྟ་བཞིན་འདུག “གྲངས་གཞི་དེ་དག་གིས་སློབ་མའི་གཟུགས་པོའི་བདེ་ཐང་གནས་ཚུལ་ཐད་ཀར་ཤེས་པ་མ་ཟད། སློབ་ཚན་གྲོལ་རྗེས་དགེ་རྒན་གྱིས་ཀྱང་གནས་ཚུལ་དངོས་ལ་གཞིགས་ནས་སློབ་ཁྲིད་ཀྱི་ནང་དོན་དང་འགུལ་སྐྱོད་ཀྱི་ཤུགས་ཚད་ལེགས་སྒྲིག་བྱེད་ཐུབ”

    ལོ་བཅུའི་རིང་སློབ་གསོའི་བོད་སྐྱོར་ཐོན་ཁུངས་ལ་བརྟེན་ནས་བོད་ཀྱི་སློབ་གསོ་སློབ་ཁྲིད་གྲངས་འཛིན་ཅན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་། རྒྱུན་རྣམ་ཅན་གྱི་རྒྱང་ཁྲིད་ཐད་གཏོང་དང་། དགེ་རྒན་གཉིས་ཀྱི་སློབ་ཚན་དང་དྲ་ཐོག་སློབ་ཞིབ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤུས་ལེགས་དང་གྲགས་ཅན་སློབ་གྲྭས་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་དང་གྲངས་འཛིན་ཐོན་ཁུངས་ས་མཐོའི་སློབ་ཁང་དུ་སྤྱོད་ཀྱི་ཡོད། 2022ལོ་ནས་བཟུང་བོད་སྐྱོར་ཚོགས་པས་རྒྱལ་ཁབ་ཀྱི་བློ་རིག་སློབ་གསོའི་ལས་སྟེགས་དང་བོད་རང་སྐྱོང་ལྗོངས་ཀྱི“ཇོ་རིའི་ཆུ་འཛིན་སློབ་ཁྲིད”སློབ་གསོའི་ལས་སྟེགས་ནས་སྤུས་ལེགས་སློབ་ཚན་དང་ཐད་གཏོང་སློབ་ཚན་ཐེངས་761འཚོགས་པ་རེད།

    2025ལོའི་ཟླ་8པར། བོད་སྐྱོར་དགེ་རྒན་ཁྲེང་གཡོད་ཤིན་སླར་ཡང་ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་དང་པོར་ཡོང་ཞིང་། དེ་ནི་ཁོང་གིས་བོད་སྐྱོར་གྱི་རེ་བ་ཐེངས་གསུམ་པ་དེ་རེད། བོད་སྐྱོར་ཐེངས་གསུམ་བྱས་པའི་ཉམས་མྱོང་ལས་ཁོང་ལ་སློབ་གསོའི་བོད་སྐྱོར་བྱེད་སྐབས“གཞན་བརྟེན”ནས“རང་བརྟེན”བར་དངོས་འབྲེལ་བསྒྱུར་ཏེ་བོད་ལ“ནམ་ཡང་གནས་ཐུབ་པའི”ཕུལ་བྱུང་དགེ་རྒན་གྱི་དཔུང་ཁག་ཅིག་གཏོད་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།

    དངོས་ཁམས་དགེ་རྒན་ཁྲེང་གཡོད་ཤིན་གྱིས་རྒྱུན་གཏན་གྱི་སློབ་ཁྲིད་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས་ས་གནས་དེ་གའི་དགེ་རྒན་གྱི་སྣེ་ཁྲིད་དེ་སློབ་ཞིབ་བྱེད་སྒོ་སྤེལ་ཞིང་། དཔེ་སྟོན་སློབ་ཚན་དང་། འཆད་ཁྲིད། དཔྱད་བསྡུར་སློབ་ཚན་ཉན་པ་སོགས་ཀྱི་སློབ་ཁྲིད་ཐབས་ལམ་སྤྱད་ནས་ཚོགས་པའི་དངོས་ཁམས་སློབ་ཁྲིད་ཀྱི་ཆུ་ཚུད་མཐོ་རུ་བཏང་ཡོད། “བོད་སྐྱོར་བྱེད་ཐེངས་རེར་ང་ལ་ས་གནས་དེ་གའི་ཆ་སྒྲིག་དགེ་རྒན་རེ་ཡོད། གཙོ་བོ་ཁོང་ཚོར་སློབ་ཚན་གྲ་སྒྲིག་གི་ཐབས་ཤེས་དང་། སློབ་ཁྲིད་དོ་དམ་གྱི་ཉམས་མྱོང་། སློབ་ཞིབ་ཀྱི་བསམ་ཕྱོགས་སོགས་བསླབས་ནས་ཁོང་ཚོ་དང་མཉམ་དུ་ས་གནས་དེ་གའི་སློབ་མར་འཚམ་པའི་སློབ་ཁྲིད་བྱེད་སྟངས་ཆ་ཚང་ཞིག་འཚོལ་ཞིབ་བྱེད་ཀྱི་ཡོད”ཅེས་ཁྲེང་གཡོད་ཤིན་གྱིས་བཤད།

    དེ་ནི་ཁྲེང་གཡོད་ཤིན་གྱི་རྒྱུན་གཏན་ལས་ཀ་ཡིན་ལ་བོད་སྐྱོར་དགེ་རྒན་སྟོང་ཕྲག་མང་པོའི་རྒྱུན་གཏན་ལས་ཀ་ཡང་རེད། ལོ་བཅུའི་རིང་བོད་སྐྱོར་དགེ་རྒན་དང་རོགས་སྐྱོར་བྱ་ཡུལ་གྱི་དགེ་རྒན་3000ཙམ་ཆ་སྒྲིག་བྱས་པ་དང་སློབ་ཁྲིད་ཚོགས་པ་200ལྷག་ཙམ་ལ་རོགས་ཁྲིད་བྱས་པ་མ་ཟད། རོགས་སྐྱོར་བྱ་ཡུལ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་2700ལྷག་ཙམ་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་ལས་གནས་སྦྱོང་བརྡར་བྱས་པས་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་བོད་ལ“ནམ་ཡང་གནས་པའི”རྐང་འཛིན་དགེ་རྒན་དཔུང་ཁག་ཅིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།