དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ཚོང་ཟོག་ཡག་པོའི་བརྗོད་དོན་གཙོ་བོའི་ཚོང་འདུས་ཧྲང་ཧའེ་ཡི་མཐོ་སློབ་ཏུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-10

    ཧྲང་ཧའེ་རྒྱལ་སྤྱིའི་གྲོང་ཁྱེར་ཚོང་ལས་འཁོར་རྒྱའི་ཆེད་དོན་འགྲེམས་ཚོགས་འཚོགས་པའི་རྗེས། ཉེ་ཆར། “མཚོ་སྔོན་གྱི་ཚོང་ཟོག་ཡག་པོ་ཕུའུ་ཅང་དུ་འཚོང་བའི”མཚོ་སྔོན་གྱི་ཚོང་ཟོག་ཡག་པོའི་བརྗོད་དོན་གཙོ་བོའི་ཚོང་འདུས་ཧྲང་ཧའེ་མཐོ་སློབ་ཏུ་འཚོགས་ནས་སློབ་གྲྭའི་ཆེད་དོན་བྱེད་སྒོ་རབ་དང་རིམ་པ་ཐོག་མར་སྤེལ་འགོ་ཚུགས་ཡོད།

    ད་ཐེངས་ཀྱི་བྱེད་སྒོས་གཞོན་ནུའི་འཛད་སྤྱོད་ཚོགས་སྤྱིར་དམིགས་ནས་མཚོ་སྔོན་གྱི་ཐོན་ཟོག་ལ་སྐྱེ་ཁམས་དང་། ལྗང་མདོག སྐྱེ་ལྡན་བཅས་ཀྱི་ཁྱད་ཆོས་ཡོད་པར་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ཚགས་ཤའི་ཐོན་རྫས་དང་། ས་མཐོའི་དཀར་ཆུའི་ཐོན་རྫས། ཚྭ་འདམ་གཤོང་སའི་འདྲེ་ཚེར་མ། ལི་གྲོ གླ་འབྲུའི་ཁུ་བ་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཁག་280ཙམ་འགྲེམས་སྟོན་བྱས་ཡོད། དེ་དག་ལས་གངས་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། སྐྱེ་ཁམས་ཐོན་རྫས། རིག་གནས་ཡུལ་སྐོར། གློག་བརྙན་སོགས་མཐོ་སློབ་ནང་མཉམ་འདྲེས་ཡོང་བར་བྱས་ནས་མཚོ་སྔོན་གྱི་ཚོང་ཟོག་ཡག་པོའི་ཁྲོམ་རའི་བར་མཐོངས་རྒྱ་བསྐྱེད་དེ་མཚོ་སྔོན་དང་ཧྲང་ཧའེ་ཡི་ཚོང་དོན་མཉམ་ལས་དང་རིག་གནས་སྤེལ་རེས་གཉིས་ཀར་མཐུན་རྐྱེན་སྦྱོར་རྒྱུར་སྐུལ་འདེད་བཏང་ཡོད།

    བྱེད་སྒོར“འགྲེམས་ཚོང་དང་། ཉམས་ལེན། མཉམ་འགུལ། བརྒྱུད་སྤེལ་བཅས་ཟུང་འབྲེལ”གྱི་བྱེད་སྟངས་སྤྱད་དེ་མཐོ་སློབ་ཏུ་འགྲོ་འོང་བྱེད་མཁན་མང་བ་དང་བརྒྱུད་སྤེལ་བྱེད་ཤུགས་ཆེ་བའི་ལེགས་ཆར་བརྟེན་ནས་རྒྱ་ཆེའི་དགེ་སློབ་ཚོ་ཚོང་ཟོག་ཉོ་བར་ཡོང་རྒྱུའི་ཡིད་དབང་བཀུགས་པ་དང་ཁོང་ཚོར་མཚོ་སྔོན་གྱི་ཚོང་ཟོག་ཡག་པོའི་ཡིད་དབང་འཕྲོག་ཤུགས་དང་མི་རིགས་རིག་གནས་ཀྱི་དོན་སྙིང་མྱོང་ཐུབ་པ་བྱུང་ཡོད། བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ནས་ཧ་ཅང་འཁྲུག་ཆ་དོད་པ་མ་ཟད། དགེ་སློབ་ཚོས་མཚོ་བོད་ས་མཐོའི་གདོད་མའི་སྐྱེ་ཁམས་ཀྱི་ཁྱད་ཆོས་མྱོང་རོལ་ཐུབ་པ་དང་། ལྗང་མདོག་བདེ་ཐང་གི་ཁྱད་ཆོས་དང་སྤུས་ཚད་ལྡན་པས་མཚོ་སྔོན་གྱི་ཐོན་རྫས་ལ་གདེང་འཇོག་ཡག་པོ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།