ལོ་42རིང་འཐབ་གྲོགས་མི་བརྗེད་བློ་ལ་བརྟན་པོར་ངེས།

འདི་ནི་ཟླ་6ཚེས་3ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་གི་བཀའ་འགྱུར་ཕུག་ལམ་རྙིང་པའི་མདུན་དུ་ལངས་པའི་ཀྲང་ཧྲེང་ལིན་ཡིན་པ།

འདི་ནི་ཟླ་6ཚེས་3ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཀྲང་ཧྲེང་ལིན་གྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མཇལ་བཞིན་པ།
རིང་ཚད་ཡོངས་ལ་སྤྱི་ལེ་4.01དང་ཆ་སྙོམས་ས་བབ་སྨི་3600ཟིན་པའི་བཀའ་འགྱུར་ཕུག་ལམ་རྙིང་པ་ནི་དེ་སྔ་མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་བར་གྱི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་ཞིག་རེད། ཕུག་ལམ་སྐྲུན་རིང་ཡང་སེ་བརྡིབ་ཀྱི་ཡོད་པས་ཨར་སྐྲུན་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིག་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྔོན་གཤེགས་དཔའ་བོ་55གནས་ཡོད། ཁོང་ཚོ་ནི་བཀའ་འགྱུར་ཕུག་ལམ་རྙིང་པ་སྐྲུན་མཁན་ཡིན་ཞིང་། ལོ་ཆུང་ཤོས་19དང་ཆེ་ཤོས་23རེད། ཁོང་ཚོས་རང་ཉིད་ཀྱི་ཚེ་སྲོག་ནམ་ཡང་བཀའ་འགྱུར་ཕུག་ལམ་སྐྲུན་ཆེད་ལེགས་སྐྱེས་སུ་ཕུལ་ཡོད།
1984ལོ་ནས་བཟུང་ལྕགས་ལམ་དམག་དཔུང་གི་དེ་སྔའི་འཐབ་འཛིང་པ་དང་བཀའ་འགྱུར་ཕུག་ལམ་རྙིང་པ་སྐྲུན་མཁན་ཀྲང་ཧྲེང་ལིན་གྱིས་ལོ་ལྟར་བཀའ་འགྱུར་ཕུག་ལམ་རྙིང་པའི་འགྲམ་གྱི་ཐེམ་ཆེན་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དུར་ཕྱག་བྱས་ནས་ད་བར་ལོ་42སོང་ཡོད།
2014ལོའི་ཟླ་12ཚེས་28ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་དང་དུར་ལམ་རྫོང་ཁོངས་ཀྱི་མཚོ་བོད་ལྕགས་ལམ་གྱི་ཐེམ་འཕོང་བབས་ཚུགས་ནས་ཁྲ་ཧན་ནོར་བབས་ཚུགས་བར་གྱི་བཀའ་འགྱུར་ཕུག་ལམ་གསར་པར་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་པས། བཀའ་འགྱུར་ཕུག་ལམ་རྙིང་པའི་ལོ་རྒྱུས་ཀྱི་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་སྟེ་ལྕགས་ལམ་གྱི་ཤུལ་བཞག་ལ་བརྩིས་ནས་ཉར་ཚགས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།