དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱིས།

    ཁྱིམ་སྲོལ་བཟང་པོས་སྤྱོད་གཙང་སྐྱོང་ཤུཌ་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-10

    ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་བཅས་ཀྱིས་མཉམ་དུ་སྤེལ་བའི“ཏང་འཛུགས་སྐྱོང་གིས་སྤྱོད་གཙང་ཁྱིམ་སྲོལ་བཟང་པོར་སྣེ་ཁྲིད་བྱེད། བཟའ་ཟླ་བཟང་པོ་མེ་ཏོག་ཡུས་ཅིན་ཧྭ་དང་འདྲ”ཞེས་པའི་ཁྱིམ་སྲོལ་ལེགས་སུ་གཏོང་བའི་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་སྤྱོད་གཙང་གི་གོམས་གཤིས་བཟང་པོ་དེ་ཚན་པ་ནས་ཁྱིམ་ཚང་དང་ལས་དུས་ནས་ལས་ཐག་བཅད་རྗེས་ལ་འཇགས་པར་བྱ་ཆེད་ཡིན་པ་རེད།

    བྱེད་སྒོ་སྤེལ་བའི་ཉིན་དེར་ལྷུ་ཚིགས་ཁག་ཚང་མ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྤེལ་ཅིང་། ཚང་མས་ཁྱིམ་སྲོལ་བཟང་པོས་སྤྱོད་གཙང་སྐྱོང་བའི་ཁས་ལེན་ཡི་གེ་བྲིས་ནས་སྤྱོད་གཙང་གི་མཐའ་ཚད་ཁ་གསལ་བཟོས་པ་དང་། ཆེད་དོན་ཟུར་ཁྲིད་སྐབས་ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་དང་། དཔེ་མཚོན་གྱོད་དཔེ་ལ་དམིགས་ནས་འགྲེལ་བཤད་གཏིང་ཟབ་བརྒྱབ་སྟེ་སྤྱོད་གཙང་གི་ཉེན་བརྡ་བཏང་བ། ཉེན་གཏོང་སློབ་གསོའི་གློག་བརྙན་ཐུང་གྲས་ནང་གྱོད་གཞི་དཔེར་དྲངས་ནས་ཚང་མར་ཁྱིམ་སྲོལ་ཉམས་པའི་གནོད་འཚེ་ཤེས་སུ་བཅུག་པ། ཕུལ་བྱུང་ཁྱིམ་ཚང་གི་འཐུས་མིས་ཁྱིམ་སྲོལ་བཟང་པོའི་གཏམ་རྒྱུད་མཉམ་སྤྱོད་བྱས་ནས་དྲང་ནུས་བརྒྱུད་སྤྲོད་བཅས་བྱས་པ་རེད། སྤྱོད་གཙང་གི་བརྗོད་དོན་གཙོ་བོའི་རིག་གནས་སྒྲོག་འགྲེལ་བྱས་པ་བརྒྱུད་ཁྱིམ་ཚང་ཁག་ཏུ་སྤྱོད་གཙང་ལ་སྣང་ཆེན་བྱེད་པའི་ས་བོན་གྱི་རྩ་བ་ཚུགས་ནས་ལོ་འདབ་རྒྱས་པར་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བྱེད་སྒོ་དེས་འགག་རྩའི་ཉུང་ཤས་དང་གཙོ་གནད་ལས་གནས་ལ་དམིགས་ནས་གསར་དར་ཁྱབ་ཁོངས་ཀྱི་ཏང་ཡོན་དང་ཁོང་ཚོའི་ནང་མིར་ཁྱབ་ཡོད་པས་ཁྱིམ་སྲོལ་ལེགས་སུ་གཏོང་བའི་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་ཐུབ་ཡོད་པ་རེད། ཕྱིས་སུ་ཁྱིམ་བརྟེན་སྤྱོད་སྐྱོང་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ་ཏེ་ཁྱིམ་སྲོལ་བཟང་པོར་བརྟེན་ནས་ཏང་སྲོལ་སྲིད་སྲོལ་སྐྱོང་སྤེལ་བྱེད་པ་དང་། སྤྱི་ཚོགས་ཀྱི་གོམས་སྲོལ་དང་ཡུལ་སྲོལ་ལ་སྣེ་ཁྲིད་བྱས་ཏེ། སྤྱོད་གཙང་ཆབ་མདོ་འཛུགས་སྐྲུན་ལ་ཁྱིམ་ཚང་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།