དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དོག་སྡེ་ཁྲོམ་གཞུང་དར་སྤེལ་སྡེ་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གཏིང་ཟབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-10

    ཉེ་ཆར། དོག་སྡེ་ཁྲོམ་གཞུང་དར་སྤེལ་སྡེ་ཁུལ་གྱིས“ཆུང་ངུ་དྲུག་གིས་གྲོང་པ་ཁྱིམ་མཚེས་ལ་དྲོ་སྐྱིད་སྦྱིན་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་སྣེ་ཁྲིད་དུ་བྱེད་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི“གསར་བརྗེའི་སྒུལ་ཤུགས”སྐུལ་སློང་གང་ལེགས་བྱེད་པ། བཅའ་སྡོད་ཚན་པ་ལྷ་ས་བཙོན་ཁང་དང་མཉམ་སྐྲུན་གྱི་ལམ་སྲོལ་ཟབ་ཏུ་གཏོང་བ། ཏང་ཡོན་ལས་བྱེད་པ་དང་། སྡེ་ཁུལ་གྱི་ལས་དོན་པ། དེ་བཞིན་དང་བླངས་པ་བཅས་སྒྲིག་འཛུགས་བྱས་ཏེ་གཞི་ཁྱོན་ཆེ་བའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ། དངོས་སྒྲུབ་དང་འགན་སེམས་མངོན་བཞིན་ཁོངས་གཏོགས་ཁུལ་གྱི་སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་གཞི་མདངས་མངོན་པར་བྱས་ཡོད།

    བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་། དར་སྤེལ་སྡེ་ཁུལ་དང་ལྷ་ས་བཙོན་ཁང་གི་ཏང་ཡོན་ལས་བྱེད་པས་མཉམ་དུ་ནུས་ཤུགས་བཏོན་ནས་ཁོངས་གཏོགས་ཁུལ་གྱི་འགྱིག་སྙིགས་དང་། འཚོ་བའི་གད་སྙིགས། དེ་བཞིན་བེད་མེད་ཟོག་རོ་སོགས་ལ་ལེབ་བཤེར་དང་། ཁུག་ཆ་གཅིག་ཀྱང་མ་ལུས་པར་གཙང་སེལ། ཚད་ལྡན་ངང་དབོར་འདྲེན་བཅས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཆུང་ངུ་དྲུག་གིས་གྲོང་པ་ཁྱིམ་མཚེས་ལ་དྲོ་སྐྱིད་སྦྱིན་པའི”སྤུས་རྟགས་བཏོད་ཚུན། དར་སྤེལ་སྡེ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཉེ་འགྲམ་གྱི“དཀའ་གནད་ཆུང་ངུར”དམིགས་པ་དང་། “ནད་གཞི་ཕྲན་བཅོས་དང་། བཅོལ་ཉར་ཆུང་ངུ་། གཟིགས་སྐྱོང་ཕྲན་བུ”སོགས་ཀྱི་བྱེད་ཐབས་ཆུང་གྲས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་གདུབ་ཟུམ་ཞིག་ཆགས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།