དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་དགེ་རྒྱས་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས།

    ཁྱིམ་གྱི་སྒོ་རྩར་ཐོབ་ཐང་ལག་ཁྱེར་གཅིག་སྡུད་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-10

    ཉེ་ཆར། མངའ་རིས་ས་ཁུལ་དགེ་རྒྱས་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་སྤྱི་བདེའི་ཐེམ་ཐོའི་ཕྱོགས་བསྡུས་སྐར་ཁུང་གིས་འབྲོག་པ་མང་ཚོགས་ཀྱི“ལག་ཁྱེར་གཉེར་ཐག་རིང་བ་དང་། ལག་ཁྱེར་གཉེར་དཀའ་བའི” གནད་དོན་ལ་དམིགས་ནས་ལས་སྒོའི་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ། དགེ་རྒྱས་གྲོང་རྡལ་ཁམས་པ་ལྷས་གྲོང་ཚོ་དང་ཡག་ར་ཤང་གི་ཐག་རིང་གྲོང་ཚོར་བསྐྱོད་དེ་ཁྱིམ་གྱི་སྒོ་འགྲམ་དུ་ཐོབ་ཐང་ལག་ཁྱེར་གཅིག་སྡུད་ཐོག་གཉེར་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཏན་ཏིག་བསལ་ཡོད།

    ས་རྒྱ་ཆེ་བ་དང་། མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པ། རྫོང་གྲོང་དུ་འགྲོ་འོང་བྱེད་པའི་མ་གནས་མཐོ་བ། གུང་གསེང་སྐབས་སློབ་མ་གཅིག་སྡུད་ཐོག་ལག་ཁྱེར་གཉེར་བ་སོགས་འབྲོག་ཁུལ་གྱི་དོན་དངོས་ལ་དམིགས་ནས། དགེ་རྒྱས་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་སྤྱི་བདེའི་ཐེམ་ཐོའི་ཕྱོགས་བསྡུས་སྐར་ཁུང་གི་ལས་དོན་པས་ལག་ཁྱེར་གཉེར་དགོས་རིགས་ཀྱི་གནས་ཚུལ་སྔ་སྣུར་དུ་བཅར་འདྲི་གྲལ་བཤེར་དང་གནད་སྨིན་མཐིལ་རྟོགས་བྱས་ནས། ཤང་དང་གྲོང་རྡལ་གྱི་དམངས་ཕན་ཞབས་ཞུ་ལྟེ་གནས་དང་མཉམ་དུ་ཞབས་འདེགས་ཞུ་ཡུལ་ཁ་གསལ་བཟོ་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལམ་ཐིག་འཆར་འགོད་བྱེད་པ། ཡུག་ཁུལ་དང་ཁག་དབྱེ་ནས་གཅིག་སྡུད་ཐོག་གཉེར་བ། ལག་ཁྱེར་སྦྲག་བསྐུར་སོགས་ཀྱི་རྗེས་མཐུད་ཞབས་འདེགས་དུས་མཚུངས་སུ་ཞུ་བ་བཅས་བྱས་ཏེ། མང་ཚོགས་རྣམས་གྲོང་ཚོ་ནས་དོན་མི་དགོས་པར་ལག་ཁྱེར་གཉེར་ཐུབ་པར་བྱས་ཡོད།

    མིག་སྔའི་བར། ཞབས་ཞུ་དེ་དགེ་རྒྱས་གྲོང་རྡལ་དང་ཡག་ར་ཤང་གཉིས་ལ་ཁྱབ་ཅིང་། རིམ་རྩིས་བརྒྱབ་ན་ཐོབ་ཐང་ལག་ཁྱེར་300ལྷག་ཙམ་གཉེར་བ་དང་། ལག་ཁྱེར་གཉེར་བའི་དུས་ཚོད་ཆ་སྙོམས་ཆུ་ཚོད་6ཙམ་ཉུང་དུ་ཕྱིན་པ། མང་ཚོགས་ཀྱི་དཔལ་འབྱོར་མ་གནས་སྒོར་ཁྲི་2ལྷག་ཙམ་གྲོན་ཆུང་ཐུབ་པ་བཅས་བྱུང་སྟེ། ཐག་རིང་འབྲོག་ཁུལ་མང་ཚོགས་ཀྱི་ལས་སྒྲུབ་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་པ་དང་སྲིད་དོན་ཞབས་ཞུའི་དྲོ་སྐྱིད་དང་ལས་ཕྱོད་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།