གམ་པ་རྫོང་གིས་འཚོ་རྟེན་ལས་སྤྲོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ།
སྔོན་དཔག་བྱས་ན་མི་ཐེངས་1400ཡི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་290ཡོང་རྒྱུ་ཡིན་པ།

འདི་ནི་ལྕགས་རྩིབས་དྲ་བ་བསླ་སྟངས་གསོ་སྦྱོང་བྱེད་བཞིན་པ།
ད་ལོ་ཚུན་དུ། གམ་པ་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་ས་མཐོའི་མཛེས་མཐུན་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་སོགས་གཙོ་གནད་རྣམ་གྲངས་ཁྲོད་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་པ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། སྔོན་ལ་ས་གནས་དེ་གའི་མང་ཚོགས་ལས་མིར་བསྡུ་བ་དང་། དབུལ་སྒྲོལ་མི་འབོར་དང་དབུལ་ཕོངས་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱི་གཙོ་གནད་དུ་བཀོད་སྒྲིག་བྱས་ཤིང་། སྔོན་དཔག་བྱས་ན། རྫོང་ཡོངས་ཀྱི་འཚོ་རྟེན་ལས་སྤྲོད་རྣམ་གྲངས་ཀྱིས་མི་ཐེངས་1400ཡི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་290ཡོང་རྒྱུ་ཡིན་པ་རེད།
གྲངས་གཞི་ལས་མངོན་པར། མ་དངུལ་སྒོར་ཁྲི་1133.08བཏང་བའི་ཚད་གཞི་མཐོ་བའི་ཞིང་ཁའི་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་གྲངས་ལག་ལེན་བསྟར་བས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་206ཡོང་བར་སྐུལ་ཁྲིད་ཐུབ་ཡོད། མ་དངུལ་སྒོར་ཁྲི་260བཏང་བའི་ས་མཐོའི་མཛེས་མཐུན་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཡུར་བུའི་འདམ་བག་གཤོང་བ་དང་། གྱང་རོ་བཤིག་པ། གྲོང་ཚོའི་ཨར་འདམ་ལམ་བཟོ་བ་སོགས་སྟབས་བདེའི་ལས་གྲྭ་ཁག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་ལ་ལག་བསྟར་བྱེད་པར་རྩིས་སྤྲད་པ་དང་། སྔོན་དཔག་བྱས་ན་འབབ་འཕར་སྒོར་ཁྲི་96ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་རེད། གམ་པ་རྫོང་གིས་ད་དུང་ལས་མི་སྤྱོད་པའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ཨར་ལས་ཁུལ་དུ་ལྕགས་རྩིབས་དྲ་བ་བསླ་སྟངས་དང་རྩིག་པ་རྒྱག་པ་སོགས་ཀྱི་ལས་རིགས་གསོ་སྦྱོང་བྱས་ནས། མང་ཚོགས་ལས་ཀ་བྱེད་ཀྱིན་སློབ་སྦྱོང་ཐུབ་པར་བྱས་པས། “ལུས་ཤུགས་ལ་བརྟེན་ནས་ལས་ཀ་བྱེད་པ”ནས“རྩལ་ནུས་ལ་བརྟེན་ནས་འབབ་འཕར་ཡོང་བར”འགྱུར་ལྡོག་ཕྱིན་ཡོད། ད་ལོ། འགྲིགས་ཤང་རྒྱ་རོང་གྲོང་ཚོའི་ཡུལ་མི་སྤེན་རྒྱལ་གྲོང་ཚོའི་མུའུ་700ཡི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་ཞུགས་པར་འབབ་འཕར་སྒོར་ཁྲི་1ལྷག་ཙམ་བྱུང་ཞིང་། ཁོང་གིས། གོ་སྐབས་དེར་བརྟེན་ནས་རང་ཁྱིམ་གྱི་དེ་སྔའི་ཁ་ཐོར་དུ་ལུས་པའི་ས་ཞིང་ཁག་5ཡུག་གཅིག་ཏུ་སྒྲིལ་ཐུབ་པ་དང་། “སླད་ཕྱིན་རྨོ་འདེབས་ཀྱི་དུས་ཚོད་དང་ནུས་ཤུགས་གྲོན་ཆུང་ཐུབ་ནས་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་འགྲོ་ངེས་རེད”ཅེས་གསར་འགོད་པར་བརྗོད།
འབྲེལ་ཡོད་གསར་འགྱུར།