ལྗོངས་ཡོངས་ཀྱི་དཔྱིད་འདེབས་རྒྱ་ཁྱོན་བཅུ་ཆ་དགུ་ཙམ་ལེགས་གྲུབ་ཟིན་པ།
ཞིང་ཆས་མཁོ་སྤྲོད་སྤྱིའི་ཆར་འདང་ངེས་ཡོད་པ།
ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་28ཉིན་བར། ལྗོངས་ཡོངས་ཀྱི་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་325.33ཟིན་ནས་འདེབས་ཁྱོན་བསྡོམས་འབོར་གྱི་89.9%ལེགས་གྲུབ་ཟིན་ནས་དཔྱིད་འདེབས་ལས་དོན་མཇུག་འགྲིལ་ཉེར་ཡོད་པ་རེད། དེའི་ནང་འབྲུ་རིགས་ལོ་ཏོག་མུའུ་ཁྲི་249.75 (དཔྱིད་ནས་མུའུ་ཁྲི་220.13)དང་། ཚལ་རིགས་མུའུ་ཁྲི་33.5 པད་ཁ་མུའུ་ཁྲི་25.08 གཟན་རྩྭ་དང་གཟན་ཆག་མུའུ་ཁྲི་17བཅས་ཡོད་པ་རེད།
ས་ཁུལ་དང་གྲོང་ཁྱེར་ཁག་གི་འཕེལ་རིམ་ནས་བལྟས་ཚེ། ཆབ་མདོ་གྲོང་ཁྱེར་གྱིས་མུའུ་ཁྲི་85.46ལེགས་སྒྲུབ་བྱས་པ་དེས་འཆར་གཞིའི་99.35%ཟིན་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་མུའུ་ཁྲི་36.71ལེགས་སྒྲུབ་བྱས་པ་དེས་94.22%ཟིན་ཡོད། ནག་ཆུ་གྲོང་ཁྱེར་གྱིས་མུའུ་ཁྲི་5.73ལེགས་སྒྲུབ་བྱས་པ་དེས་92.88%ཟིན་ཡོད། ལྷ་ས་གྲོང་ཁྱེར་གྱིས་མུའུ་ཁྲི་56.05ལེགས་སྒྲུབ་བྱས་པ་དེས་92.44%ཟིན་ཡོད། ཉིང་ཁྲི་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱི་འཕེལ་རིམ་85.37%དང་། 83.17% 68.68%བཅས་སོ་སོར་ཟིན་ནས་རྗེས་མཐུད་འདེབས་འཛུགས་ལས་འགན་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད་པ་རེད།
ཞིང་ཆས་འགན་ལེན་ཐད། ལྗོངས་ཡོངས་ཀྱི་ཁ་གསབ་ཁོངས་ཀྱི་རྫས་ལུད་ཏུན་ཁྲི་5.14ཉོ་སྒྲུབ་བྱེད་རྩིས་ཡོད་པ་དང་ཏུན་ཁྲི་5.13གཏོང་འདྲེན་བྱས་ནས་99.80%ལེགས་གྲུབ་ཟིན་པ་དང་། ལྷ་ས་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས་བཅས་ས་ཁུལ་དང་གྲོང་ཁྱེར་དྲུག་གིས་གཏོང་འདྲེན་ལས་འགན་ལེགས་གྲུབ་ཟིན་པ། གཞིས་རྩེ་གྲོང་ཁྱེར་གྱིས་99.26%ལེགས་གྲུབ་ཟིན་པ་བཅས་རེད། ནས་ཀྱི་ས་བོན་སྤྱི་རྒྱ་ཁྲི་3467.15གྲབས་གསོག་བྱེད་རྩིས་ཡོད་པ་དང་། སྤྱི་རྒྱ་ཁྲི་3427.14དམིགས་སར་འབྱོར་ནས་98.85%ལེགས་གྲུབ་ཟིན་ཡོད། ཞིང་སྨན་ཏུན་329.41ཉོ་སྒྲུབ་བྱེད་རྩིས་ཡོད་པ་དང་ཏུན་295.57དམིགས་སར་འབྱོར་ནས་89.73%ལེགས་གྲུབ་ཟིན་ཡོད།
མིག་སྔར། ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་འདེབས་འཛུགས་ལྷག་འཕྲོའི་ལས་འགན་དང་ཞིང་ཆས་གཤམ་སྤྲོད་ཀྱི“མཐའ་མའི་འགག་གནད”ལ་དམ་པོར་དམིགས་ཏེ་དཔྱིད་འདེབས་ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ཐུབ་པའི་འགན་ལེན་བྱས་ནས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་བརྟན་པོ་དང་ལོ་ལེགས་ཡོང་རྒྱུར་རྨང་གཞི་བརྟན་པོ་འདིང་བ་རེད།
འབྲེལ་ཡོད་གསར་འགྱུར།