དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞུས་ཀྲི་ཝུན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2026ལོའི་པུའུ་དོན་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-09

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2026ལོའི་པུའུ་དོན་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་མ་ཟད། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་ཀྱང་གནང་བ་རེད།

    ཞུས་ཀྲི་ཝུན་གྱིས་ནན་བཤད་གནང་དོན། ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ཏེ་རྦད་དེ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་སྲོག་རྩ་བརྟན་པོར་སྲུང་དགོས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ངོ་བོ་དེ་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་ངོ་བོ་དང་པོར་བརྩི་བ་དང། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཚད་གཞིར་བཟུང་སྟེ་ཡང་ཡང་བསྡུར་བ་དང་། མཐུན་སྒྲིལ་དང་། བརྟན་ལྷིང་། ལྕག་སྐུལ་བཅས་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་བྱེད་པའི་ལས་ཀའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་མཐའ་ཚད་བརྟན་པོར་སྲུང་དགོས། དྲ་ཐོག་དང་དྲ་མིན་སྡེབ་གཅིག་ལ་སྐུལ་འདེད་གཏོང་བ་དང་བསམ་སྤྱོད་གཅིག་མཐུན་མཐའ་འཁྱོངས་བྱེད་པ་དང་། རྩ་བ་གསོ་ཞིང་བློ་སྦྱོང་བྱེད་པ་དང་སེམས་ནུས་གཅིག་ཏུ་སྒྲིལ་བའི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་ཟབ་འཇུག་བཅས་བྱས་ཏེ། བོད་ཀྱི་གཏམ་རྒྱུད་གསོན་ཉམས་དོད་པོས་ཡག་པོ་བརྗོད་དགོས། རིམ་ཁག་དྲིལ་བསྒྲགས་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ཏེ་རིག་གནས་ཡུལ་སྐོར་དང་། དྲ་འཕྲིན། སློབ་གསོ་སོགས་སྡེ་ཚན་དང་མཉམ་འགུལ་མཐུན་སྦྱོར་བྱེད་ཟབ་ཏུ་བཏང་ནས་དྲིལ་བསྒྲགས་ལས་དོན་སྤེལ་རྒྱ་ཆེ་རུ་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། ལྟ་སྐུལ་མཛུབ་ཁྲིད་དང་ཕྱོགས་སྡོམ་གདུབ་ཟུམ་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྐད་གཉིས་སྒྲོག་འགྲེལ་དང་། རིག་གནས་དམངས་ཕན། ཤེས་དཔལ་འཛུགས་གཏོད་སོགས་ཀྱི་ལས་དོན་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ་སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ནས་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།