རྨོ་འདེབས་དུས་ཚིགས་འཆར་བས་དབྱར་འབྲུ་བསྡུ་འདེབས་ལས་ལ་བྲེལ།

འདི་ནི་ཧོ་ནན་ཞིང་ཆེན་ཀྲུའུ་མཱ་ཏན་གྲོང་ཁྱེར་ཤིས་ཕིང་རྫོང་པའེ་ཡོན་ཁྲོམ་གཞུང་ཝང་ཚི་ཡོན་སྡེ་ཁུལ་ཤུའེ་ཀྲོང་གྲོང་ཚོར་ཞིང་འཕྲུལ་ཁ་ལོ་བས་བརྔ་བསྡུའི་འཕྲུལ་འཁོར་སྤྱད་ནས་འབྲུ་རིགས་འབེབས་འཇུག་བྱེད་བཞིན་པ།

འདི་ནི་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ཀན་ཀྲོའུ་ཆུས་ཅིང་ཨན་ཤང་གི་མུའུ་ཁྲི་ཟིན་པའི་ཨ་ཤོམ་གྱི་སོན་གསོའི་རྟེན་གཞིར་ཞིང་ལས་ལག་རྩལ་པས་རྩི་ཤིང་སྲུང་སྐྱོང་མི་མེད་གནམ་གྲུ་སྤྱད་ནས་ཨ་ཤོམ་གྱི་ལྗང་པར་ཞིང་སྨན་གཏོར་བཞིན་པ།

འདི་ནི་ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲོང་ཁྱེར་ཧའེ་ཀྲོའུ་ཆུས་ཅང་སུའུ་ནུང་ཁེང་ཀང་ཕུའི་ཞིང་རའི་གྲོ་ཞིང་ནང་ཞིང་འཕྲུལ་ཁ་ལོ་བས་བརྔ་བསྡུའི་འཕྲུལ་འཁོར་སྤྱད་ནས་གྲོ་བསྡུ་བཞིན་པ།

འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་གྲོང་ཁྱེར་ཅིན་པི་གྲོང་རྡལ་ཁྲེ་ཁུན་གྲོང་ཚོར་ཞིང་པས་ཞིང་ནང་དུ་ནས་ཀྱི་ལྗང་པ་དབོར་བཞིན་པ།

འདི་ནི་ཧེ་ལུང་ཅང་པེ་ཏ་ཧོང་ཞིང་ལས་མ་རྐང་ཚད་ཡོད་ཀུང་སིའི་བརྒྱད་ལྔ་དྲུག་ཡན་ལག་ཀུང་སིའི་དོ་དམ་ཁུལ་གཉིས་པའི་སྲན་ཆེན་འདེབས་སར་འདེབས་འཛུགས་དུད་ཚང་གིས་ཞིང་འཕྲུལ་སྤྱད་ནས་ཞིང་སྨན་གཏོར་བཞིན་པ།

འདི་ནི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་ལན་གྲོང་ཚོའི་ཁྲོམ་གཞུང་ཆིང་ཤང་ཆུ་འབྲས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ཞིང་པས་ལྗང་པ་དབོར་བཞིན་པ།

འདི་ནི་ཨན་ཧུའེ་ཞིང་ཆེན་ཧའེ་པེ་གྲོང་ཁྱེར་སུའེ་ཤིས་རྫོང་གི་ཞིང་འཕྲུལ་ལག་རྩལ་པས་སི་ཕུའུ་གྲོང་རྡལ་གྱི་ཞིང་འཕྲུལ་ཞབས་ཞུ་མཉམ་ལས་ཁང་དུ་རྩྭ་ཆུན་འཕྲུལ་འཁོར་ཉམས་བཟོ་བྱེད་བཞིན་པ།
ཟླ་6ཚེས་5ཉིན་ནི་འདི་ལོའི་དབྱར་ཁའི་དུས་ཚིགས་གསུམ་པ་སྟེ་རྨོ་འདེབས་དུས་ཚིགས་འཆར་ནས་དབྱར་ཟླ་འབྲིང་བ་འགོ་ཚུགས་ཡོད།
སོ་ནམ་རྒན་པོའི་ངག་རྒྱུན་དུ“རྨོ་འདེབས་དུས་ཚིགས་ཤར་སོང་། བསྡུ་འདེབས་ལས་འགོ་ཚུགས་སོང”ཞེས་བརྗོད་ཀྱི་ཡོད། མིག་སྔར། རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་དུ་གྲོ་བརྔ་བསྡུ་བྱེད་བཞིན་ཡོད་པ་དང་ལྷོ་ཕྱོགས་ས་ཁུལ་དུ་ལྗང་པ་འཛུགས་པར་བྲེལ་བཞིན་ཡོད་པས། བསྡུ་འདེབས་གཉིས་ཀ་ལས་བྲེལ་ཆེ་རུ་སོང་སྟེ་ཀྲུང་གོའི་ས་གཞི་ཆེན་པོར“དབྱར་འབྲུ་བསྡུ་འདེབས་དང་གཡོག་བྱེད”ཀྱི་ཞིང་བྲེལ་རྣམ་པས་ཁེངས་ཡོད།
འབྲེལ་ཡོད་གསར་འགྱུར།