རྒྱལ་ཡོངས་སུ་དབྱར་གྲོ་ཕྱེད་ཀ་ལྷག་ཙམ་བསྡུས་ཟིན་པ།
ཟླ་6ཚེས་5ཉིན་གྱི་ཆུ་ཚོད་17པའི་བར། རྒྱལ་ཡོངས་སུ་དབྱར་གྲོ་མུའུ་དུང་ཕྱུར་1.84བསྡུས་ཟིན་ནས་བརྔ་བསྡུའི་མྱུར་ཚད་54.29%ཟིན་ཡོད། ཉིན་དེར་མུའུ་ཁྲི་1803བསྡུས་པ་དང་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་23.68(ན་ནིང་གི་ཉིན་དེར་མུའུ་ཁྲི་1506བསྡུས་པ་དང་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་21.07སྤྱད་པ)སྤྱད་པ་རེད།
ཟླ་6ཚེས་5ཉིན་གྱི་ཆུ་ཚོད་17པའི་བར། རྒྱལ་ཡོངས་སུ་དབྱར་གྲོ་མུའུ་དུང་ཕྱུར་1.84བསྡུས་ཟིན་ནས་བརྔ་བསྡུའི་མྱུར་ཚད་54.29%ཟིན་ཡོད། ཉིན་དེར་མུའུ་ཁྲི་1803བསྡུས་པ་དང་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་23.68(ན་ནིང་གི་ཉིན་དེར་མུའུ་ཁྲི་1506བསྡུས་པ་དང་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་21.07སྤྱད་པ)སྤྱད་པ་རེད། ཨན་ཧུའེ་ཞིང་ཆེན་དུ་གྲོ་བཅུ་ཆ་དགུ་ལྷག་ཙམ་བསྡུས་ཟིན་པ་དང་། ཧོ་ནན་དུ་གྲོ་བཅུ་ཆ་བརྒྱད་དང་ཕྱེད་ཀ་ལྷག་ཙམ་བསྡུས་ཟིན་པ། ཅང་སུའུ་རུ་གྲོ་བཅུ་ཆ་བཞི་དང་ཕྱེད་ཀ་ལྷག་ཙམ་བསྡུས་ཟིན་པ། ཧྲའན་ཤིས་དང་ཧྲན་ཏུང་དུ་གྲོ་བཅུ་ཆ་གཉིས་ལྷག་ཙམ་བསྡུས་ཟིན་པ། ཧོ་པེ་དང་ཧྲན་ཤིས་ཀྱི་ས་ཆ་ཁ་ཤས་སུ་གྲོ་རྔ་བཞིན་ཡོད་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།