དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་10.9%འཕར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-09

    བཟོ་ལས་དང་ཆ་འཕྲིན་ཅན་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་46686ཟིན་པ་དེ་དུས་མཚུངས་ལས་10.9%འཕར་ཡོད་པ་རེད།

    ཟླ་དང་པོ་ནས་བཞི་པའི་བར། མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་10464ཟིན་པ་དེ་དུས་མཚུངས་ལས་8.0%འཕར་ནས་ལས་རིགས་ཡོངས་ཀྱི་ཡོང་འབབ་བསྡུར་ཚད་ཀྱི་22.4%བཟུང་བ་དང་། དེའི་ནང་རྨང་གཞིའི་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་598ཟིན་པ་དེ་དུས་མཚུངས་ལས་9.1%འཕར་བ་དང་། བཟོ་ལས་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་998ཟིན་པ་དེ་དུས་མཚུངས་ལས་9.1%འཕར་ཡོད་པ་རེད།

    ཟླ་དང་པོ་ནས་བཞི་པའི་བར། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་31332ཟིན་པ་དེ་དུས་མཚུངས་ལས་12.0%འཕར་ནས་ལས་རིགས་ཡོངས་ཀྱི་ཡོང་འབབ་བསྡུར་ཚད་ཀྱི་67.1%བཟུང་བའི་ནང་སྤྲིན་རྩིས་དང་གྲངས་གཞི་ཆེ་མོའི་ཞབས་ཞུའི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་5344ཟིན་པ་དེ་དུས་མཚུངས་ལས་12.6%འཕར་བ་དང་། འདུས་གྲུབ་གློག་ལམ་ཇུས་འགོད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་1428ཟིན་པ་དེ་དུས་མཚུངས་ལས་18.3%འཕར་བ། དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་ལག་རྩལ་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་3633ཟིན་པ་དེ་དུས་མཚུངས་ལས་7.8%འཕར་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།