ད་ལོ་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི“བགྲོད་ལམ་ཤར་མར”མེ་འཁོར་ཤར་གཏོང་ཐུབ་ཚད་ཐེངས་3000ལྷག་ཙམ་ཟིན་པ།

འདི་ནི་ཟླ་6ཚེས་5ཉིན། ཀྲུང་ཡོའི་དུས་གཏན་མེ་འཁོར་ཀྲུང་གོ་ལྕགས་ལམ་ཧར་པིན་ཅུས་ཚོགས་པ་ཚད་ཡོད་ཀུང་སི་མན་ཀྲོའུ་ལི་འབབ་ཚུགས་ཀྱི་མེ་འཁོར་ཐང་དུ་མེ་འཁོར་གཏོང་རྒྱུར་བསྒུགས་ནས་བསྡད་ཡོད་པ།
ད་ལོའི་ཟླ་6ཚེས་6ཉིན་བར། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི“བགྲོད་ལམ་ཤར་མར”མེ་འཁོར་ཤར་གཏོང་ཐུབ་ཚད་ཐེངས་3000ལྷག་ཙམ་ཟིན་ཡོད་པ་རེད།
བསྡོམས་རྩིས་ལས་མངོན་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི“བགྲོད་ལམ་ཤར་མར”མེ་འཁོར་ཤར་གཏོང་ཐུབ་ཚད་ཀྱིས་རྒྱལ་ཡོངས་བསྡོམས་འབོར་གྱི་32.1%བཟུང་བའི་ནང་ཕྱིར་ལོག་པའི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་ཚད་ཀྱིས་རྒྱལ་ཡོངས་ཀྱི་ཕྱིར་ལོག་བསྡོམས་འབོར་གྱི་41.1%བཟུང་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི“བགྲོད་ལམ་ཤར་མ”དེ་མན་ཀྲོའུ་ལི་དང་། སུའེ་ཧྥེན་ཧོ། ཐུང་ཅང་བྱང་མ་བཅས་ལྕགས་ལམ་གྱི་འགག་སྒོ་3ལས་གྲུབ་པ་དང་འཁོར་སྐྱོད་ལམ་ཐིག་བརྟན་པོ་27གྲུབ་པ་དེ་དག་ཕོ་ལན་དང་། འཇར་མན། ཧོ་ལན་སོགས་རྒྱལ་ཁབ་14ལ་ཤར་གཏོང་ཐུབ་ནས་རྒྱལ་ནང་གི་ཁྲང་ཧྲ་དང་། ཀྲེན་ཀྲོའུ། ཁྲེང་ཏུའུ་སོགས་གྲོང་ཁྱེར་60ལྷག་ཙམ་དང་སྦྲེལ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།