ཅང་སུའུ་ནན་ཐུང་གི་རླུང་གློག་སྒྲིག་ཆས་ཕྱིར་གཏོང་བྱེད་ཚད་བརྟན་པོ་འཕར་བ།

2026ལོ་ཚུན་དུ། ཅང་སུའུ་ནན་ཐུང་གྲུ་ཁ་ལུའེ་སི་གྲུ་ཁ་ཁུལ་གྱི་རྒྱུན་སྤྱོད་གྲུ་ཁར་རླུང་གློག་སྒྲོ་གཤོག་སོགས་དངོས་ཟོག་ཙག་ཙིག་ཕྱིར་གཏོང་བྱེད་པར་བྲེལ་ཞིང་། རླུང་གློག་སྒྲིག་ཆས་ཕྱིར་གཏོང་བྱེད་ཚད་བརྟན་པོ་འཕར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གྲུ་ཁ་ཁུལ་དེའི་སྒྲིག་ཆས་གལ་ཆེན་ཕྱིར་གཏོང་དང་ལྗང་མདོག་ནུས་རྒྱུའི་ཕྱི་ཕྱོགས་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་ལས་སྒྲུབ་བྱེད་ནུས་རྒྱུན་མཐུད་ཆེ་རུ་ཕྱིན་ནས“ཀྲུང་གོའི་བློ་གྲོས”འདུས་པའི་རླུང་གློག་གི་སྒྲོ་གཤོག་སོགས་རླུང་གློག་སྒྲིག་ཆས་དེ་ག་ནས་འཇར་མན་དང་། ཧོ་ལན། ཨོ་སི་ཁྲུ་ལི་ཡ། ཁ་ན་ཏ་སོགས་རྒྱལ་ཁབ་དང་ས་ཁུལ་10ལྷག་ཙམ་ལ་ཕྱིར་ཚོང་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།