དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “མཚོ་སྔོན་མིང་ཅན”ལ“བཅའ་ཁྲིམས་ཀྱི་སྲུང་འཁོར”ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-09

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་5ཚེས་25ཉིན་མཚོ་སྔོན་ཞིང་ཆེན་རྩེ་ཁོག་ཤཱ་ལ་ནས་ནག་གསར་སྤེལ་ཚད་ཡོད་ཀུང་སི་དང་། མཚོ་སྔོན་ཆི་ལུང་ཚོང་དོན་ཚད་ཡོད་ཀུང་སིའི་ཧོ་ནན་རྫོང་ཆི་ལུང་འབྲོག་ར། མཚོ་སྔོན་ཡ་ཕིང་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ལ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཤེས་རིག་བདག་དབང་སྲུང་སྐྱོང་ཐོ་འགོད་ཀྱི་ཞིབ་དཔྱད་ཆོག་འཐུས་ཐོབ་པ་རེད། དེ་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ནས་དང་འབྲི་གཡག་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལ་རྒྱལ་སྤྱིའི་ཁྲོམ་རར“བཅའ་ཁྲིམས་ཀྱི་སྲུང་འཁོར”བྱུང་བ་མཚོན་ཡོད་ལ། མི་རིགས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་དེ“ཐོན་རྫས་ཕྱིར་གཏོང”ནས“སྤུས་རྟགས་ཕྱིར་གཏོང”ཕྱོགས་སུ་མཆོང་སྐྱོད་ཡོང་བར་རྨང་གཞི་བརྟན་པོའང་བཏིང་ཡོད།

    ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱེད་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག“མཚོ་སྔོན་མིང་ཅན”གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱིས་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ལེགས་ཆ་དང་རྒྱུ་སྤུས་དག་པོར་བརྟེན་ནས་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་རྒྱུན་ཆད་མེད་པར་མང་དུ་བཏང་མོད། འོན་ཀྱང་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་ཕྲན་ལ་ཆ་མཚོན་ན་ཤེས་རིག་བདག་དབང་གི་འདུ་ཤེས་ཞན་པ་དང་འགག་སྒོའི་སྲུང་སྐྱོང་སྲིད་ཇུས་མི་ཤེས་པ་སོགས་ཀྱི་གནད་དོན་ཡོངས་ཁྱབ་ཏུ་གནས་ཡོད་པས། སྤུས་རྟགས་ཕྱིར་གཏོང་བྱེད་པར་མངོན་མེད་ཉེན་ཁ་འཕྲད་ཡོད། དེར་བརྟེན་ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་ཤེས་རིག་བདག་དབང་སྲུང་སྐྱོང་བྱ་རྒྱུ་དེ་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། མཐིལ་རྟོགས་གྲལ་བཤེར་དང་། སྲིད་ཇུས་སྒྲོག་འགྲེལ། རིམ་དབྱེ་གསོ་གཏོད། གནད་སྨིན་རོགས་སྐྱོར་བཅས་ཟུང་དུ་སྦྲེལ་བའི་ཞབས་ཞུའི་མ་ལག་ཧྲིལ་པོ་བཙུགས་ཤིང་། རྣམ་པ་སྣ་ཚོགས་བརྒྱུད་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ། གཙོ་གནད་ཁེ་ལས་ལ་རིམ་དབྱེ་རིགས་དབྱེའི་གསོ་སྐྱོང་དང་ཆེད་དོན་མཛུབ་ཁྲིད་བྱས་ནས་ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོང་གི་ཉེན་ཁ་ཆུང་དུ་ཏན་ཏིག་བཏང་ཡོད། མིག་སྔའི་བར་ཁོངས་གཏོགས་ཁུལ་གྱི་ཤེས་རིག་བདག་དབང་ཐད་འགག་སྒོས་སྲུང་སྐྱོང་ཐོ་འགོད་བྱས་པའི་ཁེ་ལས་ཀྱི་གྲས་སུ་ནས་དང་། འབྲི་གཡག འདྲེ་ཚེར་མ་སོགས་མཚོ་སྔོན་གྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་མང་པོ་ཚུད་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།