དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་གྲོང་ཁྱེར་གྱི་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱ་རྒྱ་སྐྱེད་དང་རིམ་སྤོར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-08

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ཁྲལ་དོན་ཅུས་སོགས་སྡེ་ཚན་15དང་མཉམ་དུ《གྲོང་ཁྱེར་གྱི་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱ་རྒྱ་སྐྱེད་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།《ཇུས་གཞི》ཡི་ནང་འཁོད་དོན། ཞིང་ཆེན་གྱི་དོན་དངོས་གནས་ཚུལ་ལ་གཞི་ཚུགས་པ་དང་དམངས་འཚོའི་དགོས་མཁོ་དངོས་ལ་དམིགས་ཏེ། གསར་གཏོད་དང་དངོས་སྒྲུབ་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་ཞིང་ཆེན་ཡོངས་ཀྱི་དམངས་ཕན་འཚོ་བའི་འཁོར་རྒྱ་རྒྱ་སྐྱེད་གཏོང་རྒྱུ་དེ། ས་ཆ་ཁག་གཅིག་ཏུ་ཚོད་ལྟ་བྱས་ནས་ས་ཁོངས་ཡོངས་སུ་ཁྱབ་པ་དང་སྤུས་ལེགས་རིམ་སྤོར་གྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གནས་འཕྲོད་ལས་འཚམ་དང་སྟབས་བདེ་བག་ཕེབས་ཀྱི་ས་མཐོའི་ཁྱད་ལྡན་གྱི་དམངས་ཕན་འཚོ་བའི་ཞབས་ཞུའི་མ་ལག་ཧུར་ཐག་བཏོད་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད།

    《ཇུས་གཞིའི》ནང་ནན་བཤད་བྱས་དོན། “ཚང་བཤེར་ཆད་གསབ”བྱ་རྒྱུ་ཡིན་ཞིང་། ས་གནས་ཁག་ལ་འཆར་འགོད་དང་མཐུན་པ་དང་བདེ་འཇགས་འགན་ལེན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག བེད་མེད་དུ་བཞག་པའི་བཟོ་ཁང་དང་མཛོད་ཁང་སོགས་གང་འགབ་ཅི་སྤྱོད་བྱས་ནས་རྒན་གསོ་དང་། བུ་བཅོལ། ཉམས་གསོ་སོགས་དམངས་འཚོའི་ཞབས་ཞུའི་ཞན་ཆ་སེལ་བར་སྐུལ་ལྕག་གཏོང་རྒྱུ་དང་། གསར་དུ་བསྐྲུན་པའི་སྡེ་ཁུལ་ལ་ཆ་མཚོན་ན་དུས་གཅིག་ཏུ་འཆར་འགོད་དང་། དུས་གཅིག་ཏུ་འཛུགས་སྐྲུན། དུས་གཅིག་ཏུ་ཞིབ་བཤེར་རྩིས་ལེན། དུས་གཅིག་ཏུ་རྩིས་སྤྲོད་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྡེ་ཁུལ་གྱི་ཚོང་ལས་ལྟེ་གནས་དང་། ཁྱིམ་མཚེས་ལྟེ་གནས། རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་བཅས་ལེ་ལག་ཚང་པོ་བཀོད་སྒྲིག་བྱས་ཏེ། དམངས་ཕན་ཞབས་ཞུ་སྔར་བས་དོན་ཐོག་ཏུ་འཁྱོལ་བ་དང་ཐག་ཉེ་ས་ནས་ཐོབ་པའི་འགན་ལེན་བྱ་རྒྱུ་དང་། “སྐར་མ་5ནས་10བར་གྱི་སྒོ་རྩའི་སྟབས་བདེའི་འཁོར་རྒྱ”དང“སྐར་མ་15ཡི་མཐའ་འཁོར་གྱི་སྤུས་ལེགས་འཁོར་རྒྱ”ཡི་རིམ་པ་གཉིས་ཀྱི་ཞབས་ཞུའི་དྲ་བ་ཧུར་ཐག་སྐྲུན་པ་དང་། ཟོག་ཉོ་དང་། བཟའ་འཐུང་། མྱུར་སྐྱེལ། ཉམས་བཟོ་སོགས་གཞི་རྩའི་འགན་སྲུང་ལས་རྣམ་སྔོན་ལ་བཀོད་སྒྲིག་འཐུས་ཚང་བྱེད་པ། གྲོང་མིའི་རྒྱུན་གཏན་གྱི་དགོས་མཁོ་ཞིབ་ཕྲ་དང་གནད་སྨིན་སྦྲེལ་མཐུད་ཡོང་བ་བཅས་བྱས་ཏེ། འཚོ་བའི་ཁྲོད་ཀྱི་དོན་ཆུང་སྡེ་ཁུལ་ནས་ཐོན་མི་དགོས་པ་དང་ཐག་ཉེ་ས་ནས་དམངས་ཕན་ཞབས་འདེགས་ཐུབ་པར་བྱ་རྒྱུ་རེད།

    《ཇུས་གཞི》ཡི་ནང་འཁོད་དོན། ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ས་མཐོའི་ཁྱད་ཆོས་དང་མི་རིགས་ཀྱི་ཉམས་འགྱུར་ལྡན་པའི་སྡེ་ཁུལ་གྱི་ཚོང་ལས་རྣམ་པ་འཕེལ་རྒྱས་གཏོང་བར་སྐུལ་ལྕག་གཏོང་རྒྱུ་དང་། སྡེ་ཁུལ་གྱི་ཚོང་ལས་ཁྲོད་མཚོ་སྔོན་གྱི་རིག་གནས་གསར་གཏོད་དང་ཁྱད་ལྡན་སིལ་ཟས་སོགས་གཞི་རྒྱུ་མཉམ་འདྲེས་ལ་རྒྱབ་སྐྱོར་བྱས་ནས་གསོན་ཤུགས་ཆེ་བའི་ཁྱད་ལྡན་ཁྲོམ་གཞུང་གཏོད་རྒྱུ།“ཁྱིམ་ལས་རོགས་རེས”སོགས་ས་གནས་དེ་གའི་ཞབས་ཞུའི་སྤུས་རྟགས་ལ་བརྟེན་ནས་རྩལ་ནུས་ཆེ་རུ་དང་དྲ་རྒྱ་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་རེད།

    《ཇུས་གཞི》ཡི་ནང་གསལ་པོ་བཏོན་དོན། བློ་རིག་དམངས་ཕན་འཚོ་བའི་འཁོར་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཚོང་དུད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱས་ཏེ། བྱ་རིམ་ཆུང་ངུ་དང་Appསོགས་དྲ་ཐོག་ལས་སྟེགས་བརྒྱུད། གྲོང་མིར་དམངས་ཕན་དྲ་ཚིགས་ནས་འདྲི་རྩད་དང་འཚོ་བའི་གྲོན་དངུལ་འཇལ་སྤྲོད་སོགས་གཅིག་འཐུས་རྣམ་པའི་གྲངས་འཛིན་ཞབས་ཞུ་ཐུབ་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།